མི་ལ་སྙིང་སྟོབས་མེད་ན་རྐང་པ་བརྟན་པོ་འཛུགས་མི་ཐུབ་ལ། རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་སྟོབས་འབྱོར་མངའ་ཐང་རྒྱས་མི་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱིས་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། བོད་ལྗོངས་སུ་རྐང་པ་བཙུགས་ཟིན་པའི་གཞོན་སྐྱེས་ལས་བྱེད་མི་སྣ་ཞིག་ཡིན་པའི་ངོས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་སྙིང་སྟོབས་མཛུབ་སྟོན་དུ་བྱེད་པ་དང་།ཧུར་ཐག་ངང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུད་འཛིན་དང་དར་སྤེལ་གཏོང་བ་དང་དུས་མཚུངས་སུ། རྒྱུན་ཆད་མེད་པར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”འཕེལ་རྒྱས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རྒྱུན་ཆད་མེད་པར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་དུས་རབས་གསར་པའི་གཞི་རྒྱུ་བསྣན་དགོས།
འབྲི་གཡག་གི་སྲ་ཞིང་བརྟན་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས། སྡུག་རུས་ཆེན་པོས་གྲུབ་འབྲས་གཏོད་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་དགོས། འབྲི་གཡག་ནི་སུག་བཞི་ཐང་ཞིང་། སྟོབས་ཆེ་བས་ལུས་པོ་གྲང་ངར་ཆེ་བའི་ས་མཐོར་འགྱིང་ངེར་གནས་ཐུབ་ལ་རྒྱུན་དུ་མདུན་སྐྱོད་དང་འབད་འཐབ་ཀྱི་རྣམ་པའི་ཐོག་ནས་ཟོལ་མེད་ཀྱི་དཀའ་བ་སྤྱོད་བཞིན་ཡོད། བོད་དུ་ལས་ཀ་བྱེད་བཞིན་པའི་གཞོན་སྐྱེས་ལས་བྱེད་པ་ཞིག་གི་ངོས་ནས་འབྲི་གཡག་ལྟར་ལྷག་བསམ་ཟོལ་མེད་དང་དཀའ་སྤྱད་འབད་འཐབ། རང་དོར་གཞན་གཅེས་ཀྱི་ལེགས་སྐྱེས་འབུལ་བ། དཀའ་ངལ་ཆེ་བའི་ཁོར་ཡུག་ཁྲོད་རྒྱུན་ཆད་མེད་པར་ཀུན་སྤྱོད་ཞུན་བརྡར་བྱེད་ནུས་པ་དང་། ལྷག་བསམ་རྣམ་དག་གི་ཀུན་སྤྱོད་དང་ལས་དོན་དངོས་སྒྲུབ་པའི་སྤྱོད་ཚུལ་ལ་སྦྱོང་བརྡར་བྱས་ནས་ལས་ཀའི་དོན་དངོས་ཁྲོད་ཀྱི་ལས་འགན་སྒྲུབ་པའི་བསམ་པ་དང་འགན་འཁུར་གྱི་བསམ་པ་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས་ལ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་ལས་བཀུར་ལས་གཅེས་བློ་ལ་བརྟན་པོར་བཅངས་ནས། ལང་ཚོའི་རྔུལ་ཆུ་མེས་རྒྱལ་གྱི་གངས་ལྗོངས་ས་མཐོར་གཏོར་ཏེ། བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རྒྱས་ཁྲོད་རང་ཉིད་ཀྱི་ནུས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་དགོས།
གངས་ལྷ་མེ་ཏོག་གི་དཀའ་སྤྱད་ཐུབ་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། དད་མོས་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་དགོས། རི་མགོ་མཐོན་པོར་སྐྱེས་པའི་གངས་ལྷ་མེ་ཏོག་ལ་དཔྱིད་ཀྱི་དྲོ་སྐྱིད་མེད་ལ། དབྱར་གྱི་ཚ་དྲོད་མེད་པར་གངས་འཁྱག་དང་ཆར་རླུང་ཁྲོད་འགྱུར་མེད་ངང་རྣམ་པར་བཀྲ་བར་བཞད་ཐུབ། གངས་ལྷ་མེ་ཏོག་གིས་རྩི་ཤིང་མེ་ཏོག་གཞན་གྱིས་མྱོང་མི་ཐུབ་པའི་དཀའ་སྡུག་དུ་མ་སྤྱད་པས། གངས་ལྷ་མེ་ཏོག་ལ་གཞན་དང་མི་འདྲ་བའི་ལྷད་མེད་དྭངས་གཙང་གི་མཚན་བཟང་ཐོབ་ཡོད། ང་ཚོ་གཞོན་སྐྱེས་ལས་བྱེད་པ་ཚོས་གངས་ལྷ་མེ་ཏོག་གི་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས། ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། ཏང་དང་མི་དམངས་ལ་དགོས་མཁོ་ཆེས་ཆེ་བའི་ས་ཆ་དང་དཀའ་སྡུག་ཆེས་ཆེ་བའི་ཁོར་ཡུག་ཁྲོད་སྦྱོང་བརྡར་བྱེད་པར་བསྐྱོད་ནས། རྒྱུན་ཆད་མེད་པར་ལས་སྒྲུབ་གསར་གཏོད་ཀྱི་འཇོན་ཐང་གོང་མཐོར་བཏང་སྟེ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུད་འཛིན་དར་སྤེལ་གཏོང་དགོས།
ཇོ་རིའི་འབད་འབུངས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས། དཀའ་ངལ་ཁྱད་བསད་དང་ཞུན་བརྡར་མདུན་སྐྱོད་བྱེད་དགོས། ཇོ་རི་ཇི་ལྟར་མཐོ་ཡང་ཀྲུང་གོའི་མི་དམངས་ཀྱི་འགྱུར་མེད་འབད་འཐབ་ཀྱི་སྙིང་སྟོབས་དང་བློ་གྲོས་ལས་མཐོ་མི་སྲིད།2020ལོར་ཇོ་རིའི་མཐོ་ཚད་ཚད་ལེན་རི་འཛེགས་རུ་ཁག་ཇོ་མོ་གླང་མར་བདེ་བླག་ངང་འཛེགས་ཐུབ་པ་བྱུང་ནས་ཇོ་རིའི་མཐོ་ཚད་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད། དེ་ནི་རི་འཛེགས་རུ་མིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་སྟེ། དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱས་ནས་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་གསར་པ་དང་ཟིན་ཐོ་གསར་པ་གཏོད་པ་ཞིག་རེད།
སྐལ་བཟང་མེ་ཏོག་གི་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། རྩ་བ་མཐའ་མཚམས་ལ་བཙུགས་ནས་མེས་རྒྱལ་ལ་སྲུང་སྐྱོང་བྱེད་དགོས། “ཁྱིམ་གཞིས་ནི་ཡུལ་སྨད་དང་། རྒྱལ་ཁོངས་ནི་ཀྲུང་གོ་ཡིན། ཕྱུགས་འཚོ་མཐའ་སྲུང་ནི་འགན་འཁྲི་ཡིན”དུས་རབས་ཕྱེད་ཀ་ཙམ་རིང་། སྒྲོལ་དཀར་དང་གཡངའཛོམས་གཅེན་གཅུང་གཉིས་ཀྱིས་ཕྱུགས་འཚོ་བར་བརྟེན་ནས་མེས་རྒྱལ་གྱི་མཐའ་འཚམས་སྲུང་བཞིན་ཡོད། ཁོང་གཉིས་ཀྱིས་མཐའ་མཚམས་ཀྱི་ས་ཆ་སྲུང་བ་ནི་རྒྱལ་ཁབ་སྲུང་བ་ཡིན་པ་ཤེས་ཀྱི་ཡོད། ང་ཚོ་བོད་དུ་ལས་ཀ་བྱེད་བཞིན་པའི་གཞོན་སྐྱེས་ལས་བྱེད་པ་རྣམས་ཀྱིས་སྒྲོལ་དཀར་དང་གཡང་འཛོམས་ལྟ་བུའི་མི་ཞིག་ཆགས་པ་བྱས་ནས། ང་ཚོའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་ཁྲག་རྒྱུན་གསར་པ་སྦྱིན་ཐུབ་པ་བྱེད་དགོས།
རྩོམ་སྒྲིག་པ། ཟླ་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站