སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ནང“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་བོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱས་ནས། མི་དམངས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་རེ་བ་ཡོད”ཅེས་མངགས་བཅོལ་ཟབ་མོ་གནང་ཡོད། མི་སེར་རྣམས་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེ་ཤོས་གནང་བའི་བྱ་བ་ཞིག་ཡིན། “མི་དམངས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས”ཞེས་པ་ལས། རང་རེའི་ཏང་གི་མི་དམངས་ཀྱི་ལངས་ཕྱོགས་མངོན་གསལ་དང་དམངས་ལ་བཅངས་པའི་ལྷད་མེད་བརྩེ་སེམས་མངོན་ཡོད། ང་ཚོས་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་འགྱུར་བ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩིས་ནས་དུས་རབས་གསར་པའི་རྒྱུགས་སྤྲོད་ལམ་བུའི་ཐོག་དམངས་འཚོའི་རྒྱུགས་ལན་ཡག་པོ་ཞིག་ཕུལ་དགོས།
ཐོག་མའི་བསམ་འདུན་མ་བརྗེད་ན་མི་འགྲུབ་བྱ་བ་ཅི་ཡང་མེད། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པ་འདི་རེད། ཐོག་མའི་བསམ་འདུན་དང་འགན་འཁྲི་འདི་ནི་ང་ཚོ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་ཤིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་པར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། སེམས་སུ་མི་སེར་འཆང་བ་དང་། མི་དམངས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་འགན་ལེན། བདེ་སྣང་སྔར་བས་རྒྱུན་མཐུད་བཅས་ཐུབ་པར་བྱེད་དགོས།
དམངས་ཀྱི་འདོད་དོན་ནི་སྲིད་དོན་གྱི་འཕེལ་ཕྱོགས་རེད། མིག་སྔར་རང་ལྗོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད། ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་བརྟན་པོར་འཛུགས་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན། དམངས་འཚོའི་ཐབས་ཇུས་མང་ཙམ་འདོན་པ་དང་དམངས་ཕན་གྱི་བྱ་བ་མང་ཙམ་སྒྲུབ་པ། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པ། བགོ་བཤའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བདེ་ཐང་འགན་ལེན་འཐུས་ཚང་དང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས། བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཆོག་པའི་རིམ་པ་མང་བའི་སྤྱི་ཚོགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གླེང་མང་བའི་དམངས་འཚོའི་དཀའ་གནད་ཐག་གཅོད་བྱེད་པའི་ལས་དོན་རེ་རེ་བཞིན་སྒྲུབ་པ་དང་ལོ་རེ་བཞིན་མུ་མཐུད་སྒྲུབ་པ་བཅས་བྱས་ཏེ། རྒྱུན་ཆད་མེད་པར་དམངས་འཚོའི་ཆུ་ཚད་འགན་ལེན་དང་མཐོ་རུ་གཏོང་དགོས།
མི་སེར་ཚོ་འཚོ་བ་སྐྱིད་པོ་སྐྱེལ་དུ་འཇུག་པ་ནི་ལས་དོན་ཐམས་ཅད་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་ས་ཞིག་རེད་ལ། བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་གྱི་མཛུབ་ཁྲིད་འོག མི་དམངས་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་བརྟན་པོ་དང་། མི་དམངས་ཐོག་མཐའ་བར་གསུམ་དུ་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། ཕུགས་བསམ་དང་དད་སེམས་བརྟན་པོ་དང་། མི་དམངས་ལ་བཅངས་པའི་ལྷད་མེད་བརྩེ་སེམས། གཞུང་ཞབས་པའི་འདུ་ཤེས་བརྟན་པོ་བཅས་རྒྱུན་འཁྱོངས། ཐབས་ཇུས་དམངས་ལ་འདྲི་བ་དང་མཁོ་དགོས་དམངས་ལ་འདྲི་བ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པར་སྤྲོ་བ། དམངས་འཚོར་ཕན་འདོགས་པ་དང་། དམངས་སེམས་དྲོས་པ། དམངས་ཀྱི་འདོད་བློ་དང་བསྟུན་པ་བཅས་ཀྱི་ལས་དོན་མང་ཚོགས་ཀྱི་སེམས་ལ་ཟུག་ཐུབ་པ། ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་སྔར་བས་སྐོང་ཐུབ་པ་བཅས་བྱས་ཚེ་བོད་ཀྱི་མི་རིགས་ཁག་གི་འབྱུང་འགྱུར་གྱི་འཚོ་བ་དེ་བས་བདེ་སྐྱིད་མཛེས་སྡུག་ལྡན་པ་ཞིག་གཏན་གཏན་ཡོང་ངེས་རེད།
རྩོམ་སྒྲིག་པ་ ཟླ་སྒྲོན་
中央部门网站
自治区部门网站
地(市)委部门网站
相关新闻网站