ཕུགས་བསམ་དང་རེ་བས་ཁེངས་པའི་འཆར་གཞི་གསར་པ་བཀོད་པ།

发布时间:2023年05月22日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པའི་དམིགས་ཚད་དང་ངེས་གནས་ལ་དམིགས་ཏེ། གོ་སྐབས་དམ་འཛིན་གྱིས་བབ་བསྟུན་འཕྲལ་སྒྲུབ་དང་། “ཡུལ་སྐོར་+”དང“+ཡུལ་སྐོར”མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བ། སྐྱེ་ཁམས་དང་། རིག་གནས་ལུས་རྩལ། གྲོང་གསེབ་དར་རྒྱས་བཅས་ཡུལ་སྐོར་དང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་བཏང་བ། སྤྱི་ཚོགས་དང་དཔལ་འབྱོར་གྱི་ཁྱབ་ཁོངས་ཁག་ཁྲོད་ཡུལ་སྐོར་ལས་རིགས་ཀྱི་སྐུལ་སྤེལ་དང་སྤུས་ཚད་མཐོར་གཏོང་གི་ནུས་པ་འདོན་སྤེལ་བྱས་པ། སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ཕྱོགས་ཁག་ལ་ཕན་པ་ཐོབ་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་གྲོང་མི་དང་ཡུལ་སྐོར་བའི་རེ་འདོད་བསྐངས་ཡོད། ཉིང་ཁྲི་གྲོང་ཁྱེར་ལ“ཀྲུང་གོའི་རིག་གནས་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཡག་ཤོས”དང་།  “ཀྲུང་གོའི་འཁོར་ཁྲིད་ཡུལ་སྐོར་བྱ་ཡུལ་ཡག་ཤོས” “དགའ་བསུ་ཐོབ་མང་ཤོས་ཀྱི་སྐྱེ་ཁམས་ཡུལ་སྐོར་དམིགས་ས”སོགས་གཟི་བརྗིད་མཚན་སྙན་མང་པོ་སྔ་རྗེས་སུ་ཐོབ་པ་རེད།

རྩོམ་སྒྲིག་པ། ཟླ་སྒྲོན། 

微信

抖音

邮箱

邮箱地址:xzwxbjb@sina.com