བརྟག་དཔྱད་ཞིབ་འཇུག་ནི་རང་རེའི་ཏང་གི་ཁྱིམ་བརྒྱུད་ནོར་བུ་རེད་ལ། ལས་དོན་ཁག་ཡག་པོ་སྒྲུབ་པའི་རྨང་གཞིའང་རེད། ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་དར་བ་བྱ་རྒྱུ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཡིན་ལ། བརྗོད་དོན་གཙོ་བོའི་སློབ་གསོའི་ཁྱད་ཆོས་མངོན་གསལ་ཞིག་ཀྱང་ཡིན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས“བརྡ་ཐོ་མི་གཏོང་བ་དང་། ལན་མི་སྐྱེལ་བ། སྙན་སེང་མི་ཉན་པ། རོགས་པ་མི་དགོས་པ། སྣེ་ལེན་བྱེད་མི་དགོས་པ། ཐད་ཀར་གཞི་རིམ་དང་ལས་ཡུལ་དངོས་ལ་སྐྱོད་པ”བཅས་ཀྱི“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་ཐབས་མང་ཙམ་སྤྱད་དེ་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་འབྲེལ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་དགོས།
འགོ་ཁྲིད་ལས་བྱེད་པས་སེམས་རྣལ་དུ་ཕབ་ནས་གནད་དོན་ལ་བརྟག་ཞིབ་ངོ་མ་དང་གནད་དོན་ཐག་གཅོད་ངོ་མ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་གཞི་རིམ་ལ་ཕྱོགས་པ་དང་གཞི་རིམ་དུ་སྐྱོད་པ་མཐའ་འཁྱོངས་ཀྱིས་དོན་དངོས་ཁྲོད་ཟབ་འཇུག་དང་མང་ཚོགས་ཁྲོད་བསྐྱོད་དེ་བརྟག་ཞིབ་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་བརྟག་ཞིབ་ཀྱི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ་བརྟག་ཞིབ་ཀྱི་ནང་དོན་དང་། དུས་ཚོད་དང་ས་གནས། བྱེད་སྟངས་དང་བྱེད་ཐབས་བཅས་ཁ་གསལ་བཟོ་བ། ཇུས་གཞི་མེད་པར་རྨོངས་ཚོད་ངང་བརྟག་ཞིབ་མི་བྱེད་པ་བཅས་བྱས་ཏེ་བརྟག་ཞིབ་ཆེད་བརྟག་ཞིབ་བྱེད་པའི་སྣང་ཚུལ་ཐོན་རྒྱུ་གཏན་འགོག་བྱེད་དགོས། བརྟག་ཞིབ་ལས་དོན་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ། (པར་ངོས་བཞི་པར་གཟིགས) (པར་ངོས་དང་པོར་མཐུད) དོན་དངོས་དང་བསྟུན་ནས་བརྟག་ཞིབ་བྱེད་ས་བདམས་ཏེ། གཞི་རིམ་དུ་བསྐྱོད་ཆོག་ལ། ལས་ཁུངས་དང་ཁེ་ལས་སོགས་ཀྱི་ཚན་པར་ཡང་བསྐྱོད་ཆོག་པ་དང་། དཀའ་ངལ་མང་བ་དང་། མང་ཚོགས་ཀྱི་བསམ་འཆར་གཅིག་སྡུད་ཆེ་བ། ལས་ཀའི་རྣམ་པ་གཏོད་མི་ཐུབ་པ་བཅས་ཀྱི་ས་གནས་དང་ཚན་པར་མང་ཙམ་བསྐྱོད་དེ་བརྟག་ཞིབ་བྱེད་པ་ལས། དུས་ཚོད་གཅིག་མཚུངས་སུ་ས་ཆ་གཅིག་ལ་མཉམ་དུ་བརྟག་ཞིབ་བྱེད་པའི་སྣང་ཚུལ་གཏན་འགོག་བྱེད་དགོས། དྲི་བ་ཁྱེར་ནས་བརྟག་ཞིབ་བྱེད་པའི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཞིབ་འཇུག་བྱ་གཞི་གཅིག་ལ་དམིགས་ནས་གནས་ཚུལ་མཐིལ་རྟོགས་གསལ་པོ་བྱེད་པ་ལས། རང་འདོད་ལྟར་བརྟག་ཞིབ་བྱ་གཞི་ཁ་སྣོན་བྱ་མི་རུང་ཞིང་། གནད་དོན་གཅིག་ལ་ཁག་དུ་མ་ནས་བརྟག་ཞིབ་བྱེད་པའམ་ཡང་ན་གནད་དོན་གཅིག་ལ་བརྟག་ཞིབ་བསྐྱར་ཟློས་མི་ཐོན་པར་བྱས་ཏེ། དཔྱད་གཞི་ཁོ་ནར་བརྟེན་ནས་གནས་ཚུལ་ལ་རྒྱུས་མངའ་ལོན་པ་དང་། བརྟག་ཞིབ་ཀྱི་ལས་འགན་སྟབས་བདེའི་ངང་གཞི་རིམ་ཚན་པར་བཀོད་སྒྲིག་བྱེད་པ་བྱ་མི་རུང་། ཞིབ་ཚགས་ངང་བརྟག་ཞིབ་མང་ཙམ་བྱེད་པ་དང་། གྲོས་བསྡུར་མང་ཙམ་བྱེད་པ་ལས། ཉན་པ་ཙམ་དང་། སྐོར་བ་རྒྱག་པ་ཙམ། ལྟ་བ་ཙམ་བཅས་ཀྱི་ཕྱི་ཚུལ་ཙམ་གྱི་བརྟག་ཞིབ་བྱ་མི་རུང་། “མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བརྟག་ཞིབ་བྱེད་ཐབས་མང་ཙམ་སྤྱོད་པ་དང་། མི་ཉུང་སྟབས་བསྡུས། གྲོན་ཆུང་བསྲི་ཚགས། རིམ་གྱིས་ཕེབས་རོགས་མི་ཞུ་བ། གཞི་རིམ་གྱི་ཁུར་པོ་ལྕི་རུ་མི་གཏོང་བ་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་ཐག་གཅོད་བྱེད་པའི་དམིགས་ཡུལ་བཟུང་ནས་བརྟག་ཞིབ་བྱེད་པ་དང་། གནད་དོན་གང་ཞིག་མངོན་གསལ་དོད་ན་དེར་དམིགས་པ། ལྷུ་ཚིགས་གང་ཞིག་ཏུ་གནད་དོན་ཐོན་ཚེ་ལྷུ་ཚིགས་དེར་དམིགས་ནས་གོ་ཆོད་པའི་ཐག་གཅོད་བྱེད་ཐབས་བཙལ་ཏེ་གནད་དོན་ཐག་གཅོད་རྒྱུར་ལུས་པ་སོགས་ཀྱི་གནད་དོན་གཏན་འགོག་བྱེད་དགོས།
བརྟག་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་རིམ་གྱིས་གསེད་བཀྲོལ་བྱས་ཏེ་གནད་དོན་གྱི་གསལ་ཐོ་དང་། འགན་འཁྲིའི་གསལ་ཐོ། ལས་འགན་གྱི་གསལ་ཐོ་བཅས་བཟོ་དགོས་ལ། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་བྱས་པའི་རྗེས་དང་དྲུད་པའི་ཤུལ་ཡོད་པར་བྱས་ནས་གནད་དོན་ཐག་གཅོད་མ་བྱུང་ན་དམ་འཛིན་བྱེད་མཚམས་མི་འཇོག་པ་དང་གནད་དོན་རྦད་དེ་ཐག་གཅོད་མ་བྱུང་བའི་བར་དུ་དམ་འཛིན་བྱེད་མཚམས་འཇོག་མི་རུང་། བརྟག་ཞིབ་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་ཀྱི་གསལ་ཐོ་བཟོས་ནས་གནད་དོན་ཐག་གཅོད་ཐུབ་མིན་དང་། ད་ཡོད་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་མིན། ལས་དོན་སྤེལ་རིམ་ལེགས་སུ་ཕྱིན་མིན། ལམ་སྲོལ་འཐུས་སྒོ་ཚང་དུ་ཕྱིན་མིན་སོགས་ཀྱི་ཐད་ནས་བརྟག་ཞིབ་ཀྱི་ཕན་འབྲས་ལ་ཚོད་སྐོར་བྱེད་པ་ལས། སྟབས་བདེའི་ངང་བརྟག་ཞིབ་སྙན་སེང་གིས་བརྟག་ཞིབ་གྲུབ་འབྲས་ཀྱི་ཚབ་བྱེད་པའི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།(ཡེ་ཤེས་ཚེ་བརྟན་)
中央部门网站
自治区部门网站
地(市)委部门网站
相关新闻网站