ངལ་རྩོལ་གྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་མུ་མཐུད་རྒྱུན་འཛིན་བྱེད་དགོས།

发布时间:2023年05月15日 文章来源:བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།

ཀྲུང་ཧྭ་མི་རིགས་ནི་ལས་ལ་བརྩོན་པའི་མི་རིགས་ཤིག་ཡིན། མི་རབས་ནས་མི་རབས་རྒྱུད་བཞིན་པའི་ལས་ལ་བརྩོན་པ་དང་གྲོན་ཆུང་བསྲི་ཚགས་ཀྱི་སྤྱོད་ཚུལ་བཟང་པོ་ནི་འཛམ་གླིང་མི་རྣམས་ཀྱིས་ཀྲུང་གོའི་མི་རྣམས་ལ་འཛིན་པའི་ཡོངས་ཁྱབ་ཀྱི་གདེང་འཇོག་ཅིག་རེད། ང་ཚོའི་མེས་པོ་རྣམས་ཀྱིས་ངལ་རྩོལ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་གྱི་ལོ་རྒྱུས་བཏོད་ཡོད་པ་དང་། ངལ་རྩོལ་ལ་བརྟེན་ནས་ཀྲུང་ཧྭ་ཤེས་དཔལ་མི་རབས་ནས་མི་རབས་བཞིན་རྒྱུད་ཡོད་ལ། ངལ་རྩོལ་ལ་བརྟེན་ནས་ང་ཚོ་ད་ལྟ་མི་རིགས་བསྐྱར་དར་གྱི་རྒྱ་ཆེ་བའི་ལམ་ཆེན་སྟེང་སྐྱོད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངལ་རྩོལ་ནི་རྒྱུ་ནོར་གྱི་འབྱུང་ཁུངས་ཡིན་ལ་བདེ་སྐྱིད་ཀྱི་འབྱུང་ཁུངས་ཀྱང་ཡིན། མི་ཡུལ་ཁམས་ཀྱི་མཛེས་སྡུག་གི་ཕུགས་འདུན་ཚང་མ་གཞུང་དྲང་གི་ངལ་རྩོལ་ལ་བརྟེན་ནས་མངོན་འགྱུར་བྱུང་བ་ཡིན་ལ། འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་ཁག་གཞུང་དྲང་གི་ངལ་རྩོལ་ལ་བརྟེན་ནས་གསང་དཀྲོལ་བྱུང་བ་ཡིན་ཞིང་། ཚེ་སྲོག་ཁྲོད་ཀྱི་འོད་སྟོང་ཡོད་ཚད་ཀྱང་དྲང་བདེན་གྱི་ངལ་རྩོལ་ལ་བརྟེན་ནས་བཏོད་པ་ཡིན”ཞེས་ནན་བཤད་གནང་ཡོད། ངལ་རྩོལ་པ་ནི་ང་ཚོས་བརྩི་བཀུར་ཆེས་ཆེ་ཤོས་བྱེད་འོས་པ་ཞིག་ཡིན་པས། ངལ་རྩོལ་གྱི་སྙིང་སྟོབས་མི་རབས་བཞིན་རྒྱུད་འཛིན་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན། 

དུས་རབས་གསར་པའི་གཞོན་ནུ་རྣམས་ལ་ངལ་རྩོལ་གྱི་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་ཡིན། རང་རྒྱལ་གྱི་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་འགྲོ་བ་དང་དུས་མཚུངས་སུ་ཁྱིམ་ཚང་མང་པོ་ཞིག་གི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། འོན་ཀྱང་མི་མང་པོ་ཞིག་གི་ངལ་རྩོལ་གྱི་འདུ་ཤེས་ཇེ་ཞན་དུ་ཕྱིན་ནས་ཕྲུ་གུ་གཅེས་ལང་དུ་བཏང་སྟེ། ཕྲུ་གུ་མང་པོ་ཞིག་ཆུང་དུས་ནས་ངལ་རྩོལ་ལ་མི་ཞུགས་པ་དང་།ངལ་རྩོལ་ལ་མི་དགའ་བ། ངལ་རྩོལ་མི་བྱེད་པ་བཅས་ཀྱི་གོམ་གཤིས་ངན་པ་ཞིག་ཆགས་ཡོད། རྣམ་པ་དེ་ཚོ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལས་ལ་བརྩོན་པ་དང་གྲོན་ཆུང་བསྲི་ཚགས་ཀྱི་སྤྱོད་བཟང་དང་འགལ་ཡོད་ལ། ཀྲུང་ཧྭ་མི་རིགས་མ་འོངས་འཕེལ་རྒྱས་ཐད་ཀྱི་འགོག་རྐྱེན་ཞིག་ཀྱང་ཡིན། 

ངལ་རྩོལ་གྱི་སློབ་གསོ་ནི་ཕྲུ་གུ་ནས་དམ་འཛིན་བྱེད་དགོས། ཕྲུ་གུ་རྣམས་ཀྱིས་ཆུང་དུས་ནས་ངལ་རྩོལ་ལ་ལེགས་ཉེས་མི་བལྟ་བའི་འདུ་ཤེས་གསོ་སྐྱོང་བྱ་རྒྱུར་དམ་བཟུང་བྱེད་འགོ་འཛུགས་དགོས། ཁྱིམ་བདག་རྣམས་ཀྱིས་ཆུང་དུས་ནས་ཕྲུ་གུའི་ངལ་རྩོལ་གྱི་འདུ་ཤེས་དང་ཉམས་མྱོང་གསོ་སྐྱོང་བྱས་ནས་ཕྲུ་གུའི་སློབ་སྦྱོང་གཙོ་བོ་དང་ངལ་རྩོལ་ཕལ་པར་འཇོག་པའི་བསམ་བློར་འགྱུར་བ་བཏང་སྟེ། ཆུང་དུས་ནས་ཕྲུ་གུ་ངལ་རྩོལ་ལ་དགའ་ཞེན་དང་རང་འགུལ་གྱི་བསམ་བློ་གོང་མཐོར་བཏང་སྟེ་ཕྲུ་གུའི་ཡང་དག་པའི་ངལ་རྩོལ་གྱི་འདུ་ཤེས་གསོ་སྐྱོང་བྱེད་དགོས། ཁོང་ཚོར་ཤེས་བྱར་བརྩི་བཀུར་བྱས་ནས་སློབ་སྦྱོང་ལ་དགའ་ཞེན་དང་ངལ་རྩོལ་ལ་བརྩི་བཀུར་བྱས་ནས་འབད་བརྩོན་གྱི་སྙིང་སྟོབས་ལྡན་པ་བྱེད་དུ་འཇུག་དགོས། དེ་ལྟར་བྱས་ན་ཀྲུང་ཧྭ་མི་རིགས་ཀྱི་ལས་ལ་བརྩོན་པའི་ཀུན་སྤྱོད་བཟང་པོ་མི་རབས་ནས་མི་རབས་བཞིན་རྒྱུད་སྤེལ་བྱེད་ཐུབ། (མཆོག་སྐྱིད།)

微信

抖音

邮箱

邮箱地址:xzwxbjb@sina.com