སྐྱེ་ཁམས་ཤེས་དཔལ་དུས་རབས་ཀྱི་རོལ་དབྱངས་སྙན་མོ་དཀྲོལ།

发布时间:2023年05月10日 文章来源:བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།

བོད་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་སྐྱེ་ཁམས་ཁོར་ཡུག་བཟང་ངན་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད།ད་དུང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད། ང་ཚོས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་བོད་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ་སྐྱེ་ཁམས་འགན་འཁྲི་འཁུར་བ་དང་། ཁོངས་གཏོགས་ཀྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ།འབྲེལ་བ་ཐག་གཅོད་བྱེད་པ་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཤེས་དཔལ་དུས་རབས་ཀྱི་རོལ་དབྱངས་སྐད་གསང་མཐོན་པོས་དཀྲོལ་དགོས།

སྐྱེ་ཁམས་ཁོར་ཡུག་བཟང་ངན་གྱིས་ང་ཚོའི་འཚོ་བའི་སྤུས་ཚད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ང་ཚོ་མི་ཚང་མས་ཐུན་མོང་ཐོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའིགངས་ལྗོངས་ས་མཐོསྲུང་སྐྱོང་ཡག་པོ་བྱེད་དགོས། མི་སུ་འདྲ་ཞིག་ཡིན་ཡང་ཉེ་འགྲམ་གྱི་བྱ་བ་ཙག་ཙིག་ནས་འགོ་བཙུགས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་སྤྱོད་རྒྱུན་གཏན་གྱི་འཚོ་བ་དང་ལས་ཀའི་ནང་ཁྱབ་པ་བྱས་ཏེ་གད་སྙིགས་གང་བྱུང་དུ་དབྱུག་པ་དང་ཁ་ལུད་གང་བྱུང་དུ་གཏོར་བ་སོགས་ཚུལ་མིན་གྱི་སྲོལ་ངན་དོར་ནས་གད་སྙིགས་རིགས་དབྱེ་དང་།ནུས་རྒྱུ་བསྲི་ཚགསགློག་ནུས་གྲོན་ཆུང་སོགས་ཀྱི་ཡ་རབས་གོམས་གཤིས་དང་འཚོ་བ་སྐྱེལ་སྟངས་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ལལེགས་སྐྱེས་འབུལ་མཁནདངསྲུང་སྐྱོང་བྱེད་མཁནཡག་པོ་ཞིག་བྱེད་དགོས། ང་ཚོ་ཚང་མས་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ནས་ཁྲིམས་འགལ་བྱེད་སྤྱོད་ཤེས་རྟོགས་ཐུབ་ཚེ་རང་འགུལ་ངང་གོང་ཞུ་དང་རང་འགུལ་ངང་དམར་རྗེན་དུ་བཏོན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གིལྟ་ཞིབ་གློག་སྒྲོནདངལྟ་སྐུལ་བཡག་པོ་ཞིག་བྱེད་དགོས།

སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ནི་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་ཞིང་།ཕྱོགས་གང་ཅི་དང་སྡེ་ཁག་མང་པོ་དང་འབྲེལ་བ་ཡོད་པས།ཁྱབ་ཁོངས་ག་གེ་མོ་ཞིག་དང་སྡེ་ཁག་ག་གེ་མོ་ཞིག་ཁོ་ནར་བརྟེན་ནས་སྐུལ་འདེད་བཏང་ཚེ།དང་ཐོག་གི་འཆར་གཞི་བཀོད་པའི་ཕན་འབྲས་ཐོབ་པར་དཀའ།དེར་བརྟེན་སྐྱེ་ཁམས་ཤེས་དཔལ་འཛུགས་སྤེལ་ལ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ཕྱོགས་ཁག་དང་།ཁྱབ་ཁོངས་ཁགསྡེ་ཚན་ཁག་བཅས་ཀྱི་སྟོབས་ཤུགས་སྐུལ་སློང་དང་གཅིག་སྡུད་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འདུ་ཤེས་ཞིབ་ཕྲའི་ལས་དོན་ནང་ཁྱབ་པ་བྱེད་པ་དང་།ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས། མ་ལག་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རི་ཆུ་ནགས་གསུམ་དང་།ཞིང་ལས།མཚོ་མཚེའུ།བྱེ་ཐང་སོགས་སྐྱེ་ཁམས་ཀྱི་གྲུབ་ཆ་་གཙོ་བོ་ཁག་ཧྲིལ་པོ་ཞིག་ཏུ་བརྩིས་ནས་སྤྱི་ཡོངས་ཀྱི་ཐད་ནས་ཇུས་འགོད་དང་བསམ་གཞིག་བྱེད་པ་དང་།སྐྱེ་ཁམས་སྲུང་སྐྱོང་དང་།ཉམས་གསོ།བཅོས་སྒྲིག་བཅས་ཀྱི་ཐག་གཅོད་བྱ་ཐབས་དང་བརྒྱུད་རིམ་ལྡན་པའི་བྱ་ཐབས་འཚོལ་ཞིབ་ཡག་པོ་བྱས་ཏེ་སྐུལ་འདེད་ཤུགས་ཆེན་དང་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་སྲུང་བའི་འགན་ལེན་བྱེད་དགོས། དུས་མཚུངས་སྐྱེ་ཁམས་སྲུང་སྐྱོང་དང་།ཉམས་གསོ།བཅོས་སྐྱོང་བཅས་བྱེད་པའི་བརྒྱུད་རིམ་ཁྲོདདུས་ཚིགས་རེ་རེ་དང་ལྷུ་ཚིགས་རེ་རེའི་འབྲེལ་མཐུད་དང་མཐུན་སྦྱོར་ལ་དོ་སྣང་བྱ་དགོས།

ཆབ་སྲིད་ལེགས་སྐྱོང་དང་།དཔལ་འབྱོར་འཛུགས་སྐྲུན།སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ནི་རང་ཐག་རང་གཅོད་ཀྱི་ཁེར་རྐྱང་མ་ཡིན་པར་ཕན་ཚུན་གཞོགས་འདེགས་དང་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཡིན། དེར་བརྟེན་ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་དཔལ་འབྱོར་འཛུགས་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ་དྭངས་གཙང་ནུས་རྒྱུ།ལྗང་མདོག་ཐཱན་ཉུང་།སྐྱེ་ཁམས་ཡུལ་སྐོར་རིག་གནས།ནགས་ཁྲོད་དཔལ་འབྱོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ས་གནས་དེ་གར་དཔལ་འབྱོར་གྱི་ཕན་འབྲས་ཐོན་པ་བྱེད་པ་དང་ཆབས་ཅིག་མཛེས་སྡུག་ལྡན་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྤྱི་ཚོགས་འཛུགས་སྐྲུན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་རྒྱུ་དེ་གཞི་ཚུགས་སར་བྱས་ཏེ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་བར་མཐོངས་རྣམ་པ་དང་།ལམ་ལུགས་ལམ་སྲོལ།ཐོན་སྐྱེད་བྱེད་སྟངས།ཐོན་ལས་གྲུབ་ཆ་བཅས་འཛུགས་རྒྱུ་ནས་འགོ་བཙུགས་ཏེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

ང་ཚོས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་།གངས་རི་འཁྱགས་རླུང་ཡིན་ཡང་གསེར་དངུལ་རི་ཡིན་ཞེས་པའི་འདུ་ཤེས་ལག་ལེན་བསྟར་ནས་བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་གནས་ཤིག་ཏུ་བསྐྲུན་དགོས།

རྩོམ་སྒྲིག་པ། ཚེ་གཡང་།

微信

抖音

邮箱

邮箱地址:xzwxbjb@sina.com