གློག་ལམ་འཁྲིད་མཁན་ཞིག་གི་ཕུགས་འདུན་བཟང་པོ།

发布时间:2023年05月08日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

“ངའི་ཕ་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་མྱོང་། དེར་བརྟེན་ང་རང་ཡང་བོད་ལ་དམིགས་བསལ་གྱི་བརྩེ་དུང་ཡོད”ཅེས་2023ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཀྲུང་གོ་ལྕགས་ལམ་ཅུས་བཅུ་བདུན་ཚོགས་པའི་གློག་ཤུགས་ལས་གྲྭ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་དབྱིས་དེ་ལྟར་བཤད།

ཕ་ཡི་ཤུགས་རྐྱེན་འོག 2015ལོར་ལོ་ཉི་ཤུ་རྩ་བརྒྱད་ལ་སླེབས་པའི་ལིའུ་དབྱི་གངས་ལྗོངས་ས་མཐོར་འོང་། བོད་དུ་སྡོད་རིང་། ཁོང་གིས་ལྷ་ཉིང་ལྕགས་ལམ་དང་། གསེར་ཟམ་ཆུ་ཤུགས་གློག་ཁང་། བོད་ཀྱི་ནུས་རྒྱུ་གསར་སྤེལ་རྟེན་གཞི་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ནང་སྔ་རྗེས་སུ་ཞུགས། ལོ་8རིང་། ཁོང་གིས“རྣམ་གྲངས”གཙོ་བོར་བརྩིས་ཏེ་སྔ་བར་ཕྱི་གསུམ་དུ་ལས་གྲྭའི་འཐབ་ཕྱོགས་དང་པོར་གཞི་ཚུགས་ནས་སྡོད་ཀྱི་ཡོད།

ལྷ་ཉིང་ལྕགས་ལམ་གྱི“གློག་དྲ་གཉིས་དང་། ཤར་གཏོང་གཅིག”གི་སྤོ་སྒྱུར་ལས་གྲྭའི་འགན་འཁུར་བ་ཞིག་ཡིན་པའི་ངོས་ནས་རྣམ་གྲངས་ཀྱི་དུས་འགོའི་རྩད་ཞིབ་ལས་དོན་ཁྲོད་ལིའུ་དབྱི་ཡིས་ཚོགས་པའི་སྣེ་ཁྲིད་དེ་རྐང་ཐང་མར་ས་བབ་མཐོ་ཚད་སྨི་5000ལྷག་ཟིན་པའི་གངས་རིར་ཐེངས་བཅུ་ལྷག་ཙམ་བརྒལ་བ་དང་། མི་ཧ་ཅང་ཉུང་བའི་རྩྭ་ཐང་ཆེན་པོ་ཐེངས་མང་བརྒལ་ཏེ་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་གནས་སྤོས་སྒྱུར་བཀོད་ཀྱི་ལས་གྲྭར་འཕྲད་པའི་དཀའ་གནད་བསལ་ཡོད།

བོད་དུ་རྣམ་གྲངས་ལག་ལེན་བསྟར་རིང་། ལིའུ་དབྱི་ལ་སྤྲོ་སྣང་དང་དགའ་བ་ཚད་མེད་ཐོབ་ཅིང་། མཚམས་རེ་ཁ་ལག་བཟའ་རྒྱུ་མ་རག་དུས་ས་གནས་དེ་གའི་མང་ཚོགས་ཀྱིས་རང་ཁྱིམ་གྱི་ཁ་ལག་ཞིམ་ཤོས་ཁྱེར་ཡོང་ནས་སྣེ་ལེན་ཞུ་གི་ཡོད། ཁོང་གིས“བོད་ཀྱི་མི་སེར་ཚོ་ནི་བབ་ཆགས་ཤིང་སེམས་བཟང་བ་ཞིག་རེད་འདུག ཁོང་ཚོའི་འཚོ་བའི་བདེ་སྐྱིད་སྟོན་གྲངས་སྔར་བས་མཐོ་བ་ཡོང་ཆེད་ང་ཚོས་འབད་པ་ཆེན་པོས་ལས་ཀ་བྱེད་ངེས་ཡིན”ཞེས་བཤད།

ས་མཐོར་ལས་ཀ་བྱེད་རིང་། མགོ་བོ་ན་བ་དང་། བྲང་ཁ་མི་བདེ་བ། སྣ་ཆུ་འཛག་པ། དབུགས་འཚང་བ་སོགས་ཀྱི་ནད་རྟགས་ཡང་སེ་ཐོན་ནའང་། ལིའུ་དབྱི་ཡིས་དེ་དག་ལ་དཔའ་མི་ཞུམ་པར་སྔར་བཞིན་སྤྲོ་སྣང་ཆེན་པོས་ལས་ཀར་གཞོལ་ནས་གྲུབ་འབྲས་བཟང་པོ་མང་པོ་བཏོད་ཡོད།

ཕྱིས་འབྱུང་ལམ་ལ་ད་དུང་བསྐྱོད་རྒྱུ་རིང་པོ་ཡོད་ཀྱང་། རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས་ཐོབ་མཁན་ལིའུ་དབྱིའི་ངོས་ནས་བརྗོད་ཚེ། དེ་ནི་གཟི་བརྗིད་ཅིག་ཡིན་ལ་འགན་འཁྲི་ཞིག་ཀྱང་རེད། ཁོང་གིས“ལང་ཚོ་ནི་འབད་འཐབ་བྱ་ཆེད་ཡིན་པས། ངས་ཀྲུང་གོ་ལྕགས་ལམ་བཟོ་པའི་དངོས་སྒྲུབ་དང་། གསར་གཏོད། ལེགས་སྐྱེས་འབུལ་བ་བཅས་ཀྱི’ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཏན་ཏན་ཏིག་ཏིག་གི་སྒོ་ནས་ཕུགས་འདུན་དོན་གཉེར་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།

རྩོམ་སྒྲིག་པ། བསྟན་འཛིན་སྒྲོལ་མ།

微信

抖音

邮箱

邮箱地址:xzwxbjb@sina.com