སེམས་ཤུགས་གཅིག་སྒྲིལ་གྱིས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ཡོང་བར་སྐུལ་འདེད་གཏོང་དགོས།

发布时间:2023年03月28日 文章来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གཏིང་ཟབ་བྱས་ནས་ནང་དོན་གཏིང་ཟབ་ཏུ་གཏོང་བ་དང་། རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་སྟངས་གསར་གཏོད་བཅས་བྱེད་དགོས། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་བ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་དང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ཡོད་དགོས་ངེས་ཀྱི་ནང་དོན་ཞིག་བཅས་རེད།

ས་ཁུལ(གྲོང་ཁྱེར)5ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ(གྲོང་ཁྱེར)གྱི་མིང་བཏགས་པ་དང་། ཚན་པ་63ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པའི་མིང་བཏགས་པ། ཚན་པ་8ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིའི་མིང་བཏགས་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་མཁན་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་140དང་དཔེ་བཟང་མི་སྒེར་189ཡོད། ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དང་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བས་མི་རིགས་ཁག་གི་མི་དམངས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱུང་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བའི་ཁྲོད་མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་མང་པོ་བརྩམས་པ་དང་། ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་བཟང་མང་པོ་བཞག་པ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་བྱ་གཞག་རེ་རེ་བཞིན་བཏོད་ཡོད། དུས་རབས་གསར་པའི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་བརྗོད་གཞིར་རྒྱུན་མཐུད་ལན་ཡག་པོ་བཏབ་ནས“ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔ”མི་སེམས་ལ་སྔར་བས་གཏིང་ཟབ་ཟུག་པར་བྱེད་དགོས།

མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ལས་དོན་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ཡོང་བར་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ནང་དོན་གྱི་རྣམ་པ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་སྐབས་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་ག་བཅས་ཀྱི་ལྟེ་བའི་ལས་དོན་གྱི་ཟུང་འབྲེལ་བྱེད་ས་དང་འཇུག་གཞི་འཚོལ་ཞིབ་གནད་འཁེལ་བྱས་ཏེ། དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ཁྲོད་ཀྱི་སྤྱོད་གོ་ཆོད་པའི་བྱ་ཐབས་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག དུས་བསྟུན་འཕེལ་རྒྱས་ཀྱིས་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པ་དང་། ཡུལ་བབ་དང་བསྟུན་ནས་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་དེ་ཏང་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས། བསམ་པའི་དཔལ་ཡོན་སྲོལ་གཏོད། སྤྱི་ཚོགས་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོང་། དམག་དམངས་མཉམ་སྐྲུན་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ས་ཁོངས་རང་བཞིན་གྱི་འཛུགས་གཏོད་དང་སྡེ་ཚན་དང་ཁྱབ་ཁོངས་མཉམ་གཏོད་མཉམ་འཛུགས་ཀྱི་རྣམ་པ་ཆགས་པར་བྱས་ཏེ། དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།

མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་མི་སེམས་གཅིག་ཏུ་སྒྲིལ་བ་དང་ངོས་འཛིན་གཅིག་མཐུན་ཡོང་མིན་ལ་ཐུག་ཡོད། དེས་ན་ས་གནས་ཁག་ལ་སྤྱི་ཚོགས་ཀྱི་རྩ་འཛུགས་སྣ་ཚོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། མང་ཚོགས་ཞུགས་སྤྲོ་བ་དང་སྟབས་བདེའི་ལས་སྟེགས་དེ་བས་མང་བ་བསྐྲུན་ནས། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དབར་གྱི་སྤེལ་རེས་འཆར་གཞི་དང་། མི་རིགས་ཁག་མཉམ་འདྲེས་འཕེལ་རྒྱས་ཀྱི་འཆར་གཞི། ཡུལ་སྐོར་ལ་བརྟེན་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་འཆར་གཞི། ཞིང་འབྲོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་བྱ་སྤྱོད་འཆར་གཞི་བཅས་སྤྱི་འདོམས་དང་ལག་བསྟར་ནུས་ལྡན་བྱེད་པ་དང་། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བྱེད་སྒོ་ཟམ་མི་ཆད་པར་ལེགས་སུ་གཏོང་བ། ཕྱོགས་ཡོངས་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བར་མཐོངས་དང་། རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་བཅས་ཀྱི་ཐད་མི་རིགས་ཁག་དབར་གྱི་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

དུས་རབས་གསར་པའི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྒྱང་ལམ་གསར་པའི་ཐོག་གོམ་ཞེང་ཆེན་པོས་སྐྱོད་པར་ང་ཚོས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ལས་དོན་སྔར་བས་ཞིབ་ཚགས་དང་། གཏིང་ཟབ། ཏན་ཏིག་བཅས་སྤེལ་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་སྟེ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་མཐུན་སྒྲིལ་ཡར་བརྩོན་དང་ཐུན་མོང་ཐོག་ཕུགས་འདུན་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

རྩོམ་སྒྲིག་པ།ཡེ་ཤེས་ཚེ་བརྟན།


微信

抖音

邮箱

邮箱地址:xzwxbjb@sina.com