ལས་ཀའི་གྲུབ་འབྲས་བརྟན་དུ་བཏང་ནས་དམ་ནན་ཏན་ཏིག་རྒྱུན་རྣམ་ཕུགས་ཕན་བཅས་མཐའ་འཁྱོངས་བྱེད་དགོས།

发布时间:2023年01月13日 文章来源:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

ལོ་གསར་པ་ཤར་མ་ཐག ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ཡོད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་སྤྱོད་ཚུལ་འཛུགས་སྐྱོང་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འདས་ཟིན་པའི་ལོ་གཅིག་ནང་རང་ལྗོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་སྡོམ་དང་། མིག་སྔའི་སྤྱོད་ཚུལ་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་ཡོད།

སྤྱོད་ཚུལ་ནི་གཟུགས་བརྙན་དང་སྤྱོད་ཚུལ་ནི་སྟོབས་ཤུགས་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱོད་ཚུལ་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། ང་ཚོས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མིག་ལྟོས་དང་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱས་ནས་ཇུས་འགོད་ཞིབ་ཚགས་དང་།

གཞི་རྟེན་དང་ལམ་སྲོལ་གསར་གཏོད། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ཡོད།

སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད། སྤྱོད་ཚུལ་གྱི་གནད་དོན་ལ་ཡུན་རིང་གི་རང་བཞིན་དང་། མཁྲེགས་བཟུང་གི་རང་བཞིན། རྙོག་འཛིང་གི་རང་བཞིན་བཅས་ལྡན་པ་དང་། མིག་སྔར་སྐྱོན་ཆ་ད་དུང་རྩ་མེད་གཏོང་ཐུབ་མེད་ལ། གནད་དོན་ཁག་གཅིག་སྔར་བཞིན་གནས་ཡོད་པ་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ཤེས་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། གནད་དོན་ཟམ་མི་ཆད་པར་ཤེས་རྟོགས་དང་གནད་དོན་ཐག་གཅོད་ཀྱི་བརྒྱུད་རིམ་དུ་སྤྱོད་ཚུལ་འཛུགས་སྐྱོང་གི་གཅོང་ནད་མཐའ་གཅིག་ཏུ་ཐག་གཅོད་བྱེད་དགོས། ཐོག་མའི་བསམ་འདུན་དང་འགན་འཁྲི་འཐུས་ཤོར་བྱུང་ཡོད་མེད་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ལ་གཡོ་འགུལ་ཐེབས་ཡོད་མེད། ཕུགས་བསམ་དང་དད་སེམས་ཞན་དུ་ཕྱིན་ཡོད་མེད། དམིགས་ཡུལ་གྱི་འདུ་ཤེས་ཞན་དུ་ཕྱིན་ཡོད་མེད་བཅས་ལ་སྔར་བས་ཞིབ་བཤེར་དང་། དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི་སེམས་ལ་འཇོག་པ་དང་། ཕྲག་ཏུ་འཁུར་བ། ལག་ཏུ་འཛིན་པ་བཅས་བྱེད་མིན་དང་། བསམ་བློ་དང་སེམས་ཤུགས་ཡོད་ཚད་ལས་སྒྲུབ་ལས་གཏོད་ལ་སྤྱོད་ཀྱི་ཡོད་མེད། དངོས་འབྲེལ་ཐེག་པ་འཁུར་ལེན་དང་རྩེ་གྲ་གཏོད་ཡོད་མེད་བཅས་ལ་སྔར་བས་ཞིབ་བཤེར། འགན་འཁྲི་སྒྲུབ་ཁོངས་སུ་ད་དུང་གནད་དོན་དང་མི་འདང་བའི་ཆ་གང་དག་ཡོད་པ་དང་། གང་འདྲ་བྱས་ནས་བྱུང་བ། བསླབ་བྱ་གང་ཞིག་དང་ལེན་བྱེད་དགོས་པ། གོམ་སྟབས་རྗེས་མར་ཐག་གཅོད་ཇི་ལྟར་བྱེད་དགོས་པ་བཅས་ལ་སྔར་བས་ཞིབ་བཤེར། སྐད་ཆ་དྲང་པོ་ཤོད་པ་དང་། བྱ་བ་དངོས་སྒྲུབ་པ། བྱ་ཐབས་དངོས་འདོན་པ། ཕན་འབྲས་དངོས་གཉེར་བ་བཅས་བྱེད་མིན་དང་། དངོས་འཛིན་དངོས་སྒྲུབ་དང་། བཤད་མ་ཐག་སྒྲུབ་མིན། སྒྲུབ་པར་ཕན་འབྲས་ཐུབ་མིན། སྒྲུབ་དུས་ཡག་པོ་སྒྲུབ་མིན་བཅས་ལ་སྔར་བས་ཞིབ་བཤེར་བྱེད་དགོས།

སྤྱོད་ཚུལ་གྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ་དང་འབྲེལ་བ་ཡོད་པའི་འགག་རྩའི་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པར་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ཁ་གསལ་བཏོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”བཀོད་སྒྲིག་གལ་ཆེན་ཟབ་ཏུ་དང་རྒྱ་སྐྱེད་བཏང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་སྤྱོད་ཚུལ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། འདུ་ཤེས་དང་བསམ་ཕྱོགས་སྒྱུར་བར་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་བསམ་བློའི་འཆིང་རྒྱ་མཐའ་གཅིག་ཏུ་མེད་པར་བཟོ་དགོས། ཐེག་པ་འཁུར་ལེན་ལ་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་འོས་འགན་མཐའ་གཅིག་ཏུ་ཆེ་རུ་གཏོང་དགོས། དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ངོ་བོའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་འཕེལ་བར་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐའ་གཅིག་ཏུ་མཐོ་རུ་གཏོང་དགོས། དམ་པ་དོན་གཉེར་ལ་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་མཐའ་གཅིག་ཏུ་ཆགས་པར་བྱེད་དགོས། སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་མཐའ་གཅིག་ཏུ་འཐུས་སྒོ་ཚང་དུ་གཏོང་དགོས།

སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་ནི་ནན་ལ་ཡུན་རིང་གི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པ་མ་ཟད། སྡེ་ཚན་ཁག་ཚང་མ་ནི་བྱེད་པོ་དང་། ཚང་མས་འགན་གཙོ་བོ་འཁུར་བ། ཚང་མ་ནི་སྐར་ཁུང་བཅས་ཡིན་པ་དང་། ཏང་ཡོན་ལས་བྱེད་པ་ཚང་མར་འགན་འཁྲི་ཡོད་པ་དང་། ཚང་མས་སྤྱོད་ཚུལ་མཐོང་ཐུབ་པ། ཚང་མ་ནི་གཟུགས་བརྙན་ཡོད་པ་བཅས་ཀྱང་རེད། 

རྩོམ་སྒྲིག་པ།བསོད་སྒྲོན།


微信

抖音

邮箱

邮箱地址:xzwxbjb@sina.com