དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག རྒྱང་ལམ་གསར་པར་གྲུབ་འབྲས་གསར་པ་གཏོད།

发布时间:2023年01月13日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

   ལོ་ལྔའི་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པ་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི། རང་ངོས་འཛུགས་སྐྱོང་སོགས་ཀྱི་ལས་དོན་གསར་གཏོད་རང་བཞིན་གྱི་སྒོ་ནས་ཡག་པོ་བསྒྲུབས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

ཁྲིམས་བཟང་སྐྱོང་མཁས་ལ་དམིགས་ནས་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ།

ལོ་ལྔའི་རིང་རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཐེངས་72བཟོས་པ་དང་། བཟོ་བཅོས་བརྒྱབ་པ། མེད་པར་བཟོས་པའི་ཁྲོད་ཁག་21གསར་དུ་བཟོས་པ་དང་། ཁག་ཐེངས་45བཟོ་བཅོས་བརྒྱབ་པ། ཁག་6མེད་པར་བཟོས་པ་དང་། ཆུས་བཙུགས་པའི་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཐེངས་45ལ་ཆོག་མཆན་སྤྲད་པ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཐོ་འགོད་ཞིབ་བཤེར་ཁག་ཐེངས་110བྱས་པ་རེད།

ལྟ་སྐུལ་བྱེད་སྟངས་གསར་དུ་བཏོད་ནས་ལྟ་སྐུལ་གྱི་དམ་ནན་ལ་ཤུགས་སྣོན་བརྒྱབ་པ།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པ་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ངོ་བོ་དང་ངེས་གནས་ལ་ངོས་འཛིན་ཡང་དག་དང་གནད་སྨིན་ངང་ཁོང་དུ་ཆུད་པར་བྱས་ནས། ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་མཐའ་འཁྱོངས་བྱས་ཡོད། ལོ་ལྔའི་རིང་། བཅའ་ཁྲིམས་ཁྲིམས་སྲོལ་ཁག་40ལྷག་ཙམ་ལ་དམིགས་ནས་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཞིབ་བཤེར་བྱེད་ཚད་གོང་གི་ལོ་5དང་བསྡུར་ན་40%ཡན་འཕར་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་གཏུག་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ཏེ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་དོན་སྙན་ཞུ་70ལྷག་ཙམ་ཉན་ནས་གྲོས་ཞིབ་བྱས་པ་དང་གྲོས་ཞིབ་བསམ་འཆར་ཁག་300ཙམ་བཏོན་པ། ཆེད་དོན་འདྲི་རྩད་ཐེངས་6དང་། བློ་ཡིད་ཚིམ་ཚད་ཀྱི་ལྟ་ཞིབ་ཚད་ལེན་ཐེངས་3 ཆེད་དོན་བརྟག་ཞིབ་ཐེངས་50ལྷག་ཙམ་བཅས་བྱས་ཏེ། གཙོ་གནད་ལས་དོན་ལ་དམིགས་ནས་ལྟ་སྐུལ་ལས་དོན་གྱི་སྣ་འདུས་ཐབས་བཟང་བཏོན་པས། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ཕན་འབྲས་དངོས་དང་དབང་གྲགས་མངོན་ཡོད།

བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱས་ནས་འགན་སྒྲུབ་ངར་ཤུགས་སྤེལ་བ།

ལོ་ལྔའི་རིང་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མིའི་གྲོས་འགོའི་སྤུས་ཚད་དང་། གྲོས་འགོ་སྒྲུབ་ཚད། འཐུས་མིའི་བློ་ཡིད་ཚིམ་ཚད་བཅས་མཐོ་རུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། ལྷུ་ཚིགས་ཁག་ལ་སྦྲེལ་མཐུད་ནུས་ལྡན་དང་དུས་གཅིག་ཏུ་ཤུགས་འདོན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་པ་དང་འཐུས་མིའི་གྲོས་གཞི་དང་གྲོས་འགོ་སྒྲུབ་པའི་ལས་དོན་ཏན་ཏིག་བསྒྲུབས་ཏེ། འཐུས་མིའི་རེ་འབོད་དང་མི་དམངས་ཀྱི་རེ་ཞུ་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་བརྒྱབ་པ་རེད།

ཁྱོན་བསྡོམས་གྲོས་འགོ་དང་། སྐྱོན་བརྗོད། བསམ་འཆར་བཅས་1342འབྱོར་བ་ཚང་མ་གཏན་འཁེལ་དུས་ཚོད་ནང་བསྒྲུབས་པ་དང་ལན་བརྒྱབ་ཟིན་ཏེ་འབྲེལ་མཐུད་བྱེད་ཚད་100%ཟིན་པ་དང་། བསྒྲུབས་པ་དང་ལན་རྒྱག་ཚད་100%ཟིན་པ། དམངས་འཚོ་དང་། འཕེལ་རྒྱས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་སོགས་ཐད་ཀྱི་ནང་དོན་དང་འབྲེལ་བ་ཡོད་པའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ཐེངས་12འཚོགས་ཏེ། འབྲེལ་ཡོད་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཚུར་བསྡུ་དང་ཕྱོགས་བསྡུས་བྱས་པ་དང་ཆབས་ཅིག སྲིད་གཞུང་ལ་བསྒྲུབ་རྒྱུར་རྩིས་སྤྲད་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་བསྡོམས་མི་ཐེངས་500ལྷག་ཙམ་སྒྲིག་འཛུགས་བྱས་ནས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་ཐེངས་700ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་དང་ས་ཁུལ་བདུན་དུ་ཆེད་དོན་བརྟག་ཞིབ་དང་གཅིག་སྡུད་གཟིགས་ཞིབ་བྱས་པ་དང་། བོད་དུ་བཞུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་200ལྷག་ཙམ་རང་སྐྱོང་ལྗོངས་རྒྱལ་ཁབ་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་པའི་ཚོགས་འདུ་དང་བྱེད་སྒོར་ཞུགས་རྒྱུར་འོས་སྦྱོར་བྱས་པ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་50ལྷག་ཙམ་གདན་དྲངས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་ངོ་40འཁོར་བའི་བཞུགས་མོལ་ཚོགས་འདུ་དང་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

                                                   རྩོམ་སྒྲིག་པ།  དབྱངས་ཅན།

微信

抖音

邮箱

邮箱地址:xzwxbjb@sina.com