རྩ་དོན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་དགོས།

发布时间:2023年01月04日 文章来源:བོད་ལྗོངས་ཉིན་རེའི་ཚགས་པར།

ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བར། གཤམ་གསལ་གྱི་ལས་ཀའི་རྩ་དོན་ཁོང་དུ་ཆུད་པར་བྱེད་དགོས་པའི་ནན་བཤད་བྱས་པ་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཐུབ་པར་བྱེད་དགོས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་དགོས་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་དགོས་པ། “དོན་ཆེན་བཞི”དང“འཛུགས་གཏོད་བཞི”སྤྱི་འདོམས་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་དགོས་པ་བཅས་རེད། བརྟན་པོའི་རྩ་བའི་དགོངས་གཞི་དེ་བས་ཁ་གསལ་ལ། ཡར་བརྩོན་གྱི་བླང་བྱ་དེ་བས་དགེ་མཚན་ལྡན་པ་ཞིག་ཡོད། འདི་ནི་སྐབས་བཅུ་པའི་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆབ་སྲིད་ཀྱི་རང་བཞིན་དང་། ཚན་རིག་དང་མཐུན་པའི་རང་བཞིན། མི་དམངས་ཀྱི་རང་བཞིན། ཆོས་ཉིད་ཀྱི་རང་བཞིན་བཅས་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་ཞིག་རེད་ལ། ལྗོངས་ཏང་ཨུད་ཀྱིས་མིག་སྔའི་དཔལ་འབྱོར་ལས་དོན་ལ་མ་འོངས་སྔོན་མཐོང་གི་བསམ་གཞིག་དང་། སྤྱི་ཡོངས་རང་བཞིན་གྱི་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་ཇུས། ཕྱོགས་ཡོངས་རང་བཞིན་གྱི་སྐུལ་འདེད་བཏང་བ་བཅས་མཚོན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པ་དེ་ཐོག་ནས་མ་ལག་གི་འདུ་ཤེས་ཀྱང་མཚོན་ཡོད་ལ། ཀྲུང་དབྱང་གི་བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་དང་བོད་ཀྱི་འཕེལ་རྒྱས་ཀྱི་དོན་དངོས་དང་ཡང་མཐུན་ཡོད་པས། འདི་ནི་ང་ཚོས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ནང་གནས་ཀྱི་བླང་བྱ་དང་བྱ་ཐབས་གལ་ཆེན་ཞིག་རེད།

རྩ་དོན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཐུབ་པར་བྱེད་དགོས།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི“རང་རྒྱལ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཕོ་འགྱུར་གཏིང་ཟབ”དང་། ལག་ལེན་གྱིས་ཞིབ་དཔྱད་བྱས་པའི་འཕེལ་རྒྱས་ཀྱི་བདེན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་དང་ལྡན་པའི་བསམ་བློའི་མཚོན་ཆ་བཅས་རེད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཐད་ཀྱི་སྔར་ཡོད་ཀྱི་ཞན་ཆ་སོགས་ཀྱི་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་པར། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་མཐའ་འཁྱོངས་ཁྱབ་པར་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཐབས་ཇུས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་། བྱ་སྤྱོད་ཀྱི་རང་རྟོགས། རིན་ཐང་མངོན་པ་བཅས་སུ་དངོས་འབྲེལ་འགྱུར་བར་བྱེད་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་འགག་རྩ་དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་ཐུབ་མིན་ལ་ཐུག་ཡོད་པས། བོད་ཀྱི་འཐབ་ཇུས་ངེས་གནས་ལ་དམིགས་པ་དང་ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཟུང་འབྲེལ་ནུས་ལྡན་མཐའ་འཁྱོངས་བྱེད་པ་དང་། ཐོན་སྐྱེད་དང་། བགོ་བཤའ། འགྲོ་རྒྱུག འཛད་སྤྱོད་སོགས་ཀྱི་ཐད་ལྷག་པའི་འགག་གནད་མེད་པར་བཟོ་བ། རྒྱལ་ནང་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་དཔལ་འབྱོར་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་དང་མཉམ་འདྲེས་ཧུར་ཐག་བཅས་བྱས་ནས་དཔལ་འབྱོར་འཁོར་རྒྱུག་གི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

རྩ་དོན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས་དཔལ་འབྱོར་བརྟན་ཐོག་ཡར་བརྩོན་དང་ཡར་བརྩོན་ཁྲོད་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་ནི་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་རྩ་དོན་གལ་ཆེན་དང་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་བརྟག་ཐབས་སྨྲ་བ་གལ་ཆེན་ཞིག་རེད། དུས་བབ་ཇི་ཙམ་རྙོག་འཛིང་ཆེ་བའི་དུས་དང་འགག་རྩའི་མཚམས་ཚིགས་སུ། དེ་ཙམ་གྱིས་བརྟན་པོ་གཙོ་བོར་བཟུང་བ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་དགོས། འདི་ནི་རང་རེའི་ཏང་གིས་དཔལ་འབྱོར་ལས་དོན་ལ་ཁ་ལོ་སྒྱུར་བའི་གྲུབ་འབྲས་ཐོབ་པའི་ལག་ལེན་ནས་ར་སྤྲོད་ཡང་ཡང་བྱས་པའི་ཉམས་མྱོང་གལ་ཆེན་ཞིག་རེད། བརྟན་པོ་ནི་ཆ་རྐྱེན་ཡིན་པ་དང་། ཡར་བརྩོན་ནི་དམིགས་ཡུལ་ཡིན་པས། བརྟན་པོ་གཙོར་བཟུང་དང་། བརྟན་ཐོག་ཡར་འཕེལ། ཡར་བརྩོན་བྱེད་རིང་དེ་བས་བརྟན་པོ་ཡོང་བ་བཅས་མཐའ་འཁྱོངས་བྱས་ཏེ། “བརྟན་པོར”དམིགས་ནས་ཇུས་ཆེན་འགོད་པ་དང“ཡར་བརྩོན”ལ་དམིགས་ནས་ཕན་འབྲས་དངོས་དོན་གཉེར་བྱེད་དགོས། “བརྟན་པོའི”གཙོ་གནད་དཔལ་འབྱོར་གྱི་རྨང་གཞིར་དམ་འཛིན་དང་འཁོར་སྐྱོད་བྱེད་པའི་ཐད་བཞག་ནས་འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། དཔལ་འབྱོར་འཕར་ཚད་རྒྱལ་ཡོངས་ཀྱི“ཨང་དང་པོའི”རྣམ་པ་རྒྱུན་འཁྱོངས་བྱས་ནས་བོད་དང་རྒྱལ་ཡོངས་དབར་གྱི་འཕེལ་རྒྱས་ཀྱི་ཧེ་བག་ཟམ་མི་ཆད་པར་ཆུང་དུ་གཏོང་དགོས། “ཡར་བརྩོན”གྱི་འབྲེལ་མཚམས་དང་། ཤུགས་རྒྱག་ས། འགག་སྒྲོལ་གནས་བཅས་བཙལ་ཏེ། ཐོན་ལས་ཀྱི་གྲུབ་ཆ་དང་། དགོས་མཁོའི་གྲུབ་ཆ། མ་དངུལ་འཇོག་པའི་གྲུབ་ཆ་བཅས་ལེགས་སུ་བཏང་ནས་རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ཏེ་དཔལ་འབྱོར་སླར་ཡང་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས།

རྩ་དོན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས་དཔལ་འབྱོར་བརྟན་ཐོག་ཡར་བརྩོན་དང་ཡར་བརྩོན་ཁྲོད་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བར། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་དགོས། དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱལ་ཡོངས་དབར་གཅིག་མཚུངས་ཀྱི་ཆ་ཡོད་ལ་མི་འདྲ་བའང་ཡོད། དེ་ཡང་འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཕྱོགས་གང་ཅིའི་ཐད་ཀྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ཀྱི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། མང་ཚོགས་ཀྱི་ཉེ་འགྲམ་གྱི་དོན་ཆུང་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད། མི་དམངས་ཀྱི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་ཐོབ་པར་བྱེད་དགོས།

རྩ་དོན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས་དཔལ་འབྱོར་བརྟན་ཐོག་ཡར་བརྩོན་དང་ཡར་བརྩོན་ཁྲོད་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བར། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”སྤྱི་འདོམས་སྐུལ་འདེད་མཐའ་འཁྱོངས་གཏོང་དགོས། “དོན་ཆེན་བཞི”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་གནང་བའི་མངག་བཅོལ་ཟབ་མོ་ཞིག་དང་། “འཛུགས་གཏོད་བཞི”ནི་དུས་རབས་ཀྱིས་ང་ཚོར་དཀྲིས་པའི་ལས་འགན་ལྕི་པོ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་གོང་རིམ་ནས་ཇུས་འགོད་དང་གཤམ་འོག་ཏུ་ལག་བསྟར་མཐའ་འཁྱོངས་ཀྱིས་གསལ་ཐོ་ཅན་ནས་དོ་དམ་དང་། རྣམ་གྲངས་ཅན་ནས་དོན་འཁྱོལ། འདུ་འགོད་ཅན་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“འཛུགས་གཏོད་བཞིའི”གདུང་བཞི་ཀ་བརྒྱད་གཞི་རྩའི་ཆ་ནས་གྲུབ་པ་དང་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་ངེས་པར་དུ་སྙིང་རུས་གཏན་འཁྱོངས་དང་ཤུགས་སྣོན་ཆད་མེད་རྒྱག་དགོས། ཉམས་མྱོང་ཕྱོགས་སྡོམ་དང་མི་འདང་ས་འཚོལ་ཞིབ་ཀྱིས་མངོན་སུམ་ཤེས་པ་རྗེས་དཔག་ཤེས་པར་སྒྱུར་མཁས་པོ་དང་། འགལ་ཟླ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོར་དམ་འཛིན་མཁས་པོ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་འགྲོ་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་སྣོན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་ནང་མཁོ་རྒྱ་སྐྱེད། དཔལ་འབྱོར་གྱི་སྲིད་ཇུས་དང་སྲིད་ཇུས་གཞན་དག མིག་སྔ་དང་སླད་ཕྱིན་བཅས་ལ་སྤྱི་འདོམས་ཡག་པོ། གཙོ་གནད་ས་ཁུལ་དང་འགག་རྩའི་ཁྱབ་ཁོངས་ཚད་བརྒལ། ཕྱོགས་བསྡུས་སྟོབས་ཤུགས་དང་འཕེལ་རྒྱས་ཀྱི་སྤུས་ཚད་ཧྲིལ་པོ་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི”མངོན་འགྱུར་ཧུར་ཐག་བཅས་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བཀོད་སྒྲིག་གལ་ཆེན་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས།

རྩོམ་སྒྲིག་པ། དོན་གྲུབ་ཚེ་རིང་། 

微信

抖音

邮箱

邮箱地址:xzwxbjb@sina.com