མི་རབས་ཚང་མར་ཤེས་ལྡན་མི་སྣས་ཁེངས། འབད་འབུངས་ཡར་བརྩོན་བྱེད་དང་བྱེད་མུས་ཡིན།

发布时间:2022年11月14日 文章来源:

གཞོན་ནུ་དར་རྒྱས་བྱུང་ན་རྒྱལ་ཁབ་དར་རྒྱས་ཡོང་། གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་མངའ་ཐང་རྒྱས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ནས་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། མུ་མཐུད་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་བྱེད་དགོས།   

གཞོན་ནུ་ལས་བྱེད་པས་འགྱུར་བ་མེད་པའི་སློབ་སྦྱོང་གི་སྙིང་སྟོབས་ལ་བརྟེན་ནས་འགྱུར་ལྡོག་ལ་སྣེ་ཁྲིད་བྱེད་དགོས།གཞོན་ནུ་ལས་བྱེད་པས་སློབ་སྦྱོང་བྱ་རྒྱུ་དེ་རྟག་བརྟན་གྱི་བརྗོད་བྱ་གཙོ་བོར་འཛིན་དགོས།འདི་ནི་རྒྱུན་ཆད་མེད་པར་གོང་དུ་འཕེལ་བའི་ཕྱི་རོལ་ཡུལ་གྱི་འཇིག་རྟེན་གྱིས་གཞོན་ནུ་ལས་བྱེད་པར་བཏོན་པའི་བླང་བྱ་ཡིན་ལ།གཞོན་ནུ་ཚོས་རང་ཉིད་འཐུས་ཚང་དུ་གཏོང་བ་དང་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན།ད་ཆ་གཞི་རིམ་གྱི་ཤང་གྲོང་དར་རྒྱས་གཏོང་བའི་ལས་དོན་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་།ཐོན་ལས་འཕེལ་རྒྱས།དཔལ་འབྱོར་འཛུགས་སྐྲུན་སོགས་ཀྱི་ཐད་ད་དུང་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས།གཞོན་ནུ་ལས་བྱེད་པ་ཞིག་གི་ངོས་ནས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་ནས་བསམ་བློའི་ངོས་འཛིན་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་རང་ཉིད་ཀྱི་མི་མངོན་པའི་སྟོབས་ཤུགས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་།ཤང་གྲོང་གི་ཐོན་ལས་འཕེལ་རྒྱས་ལ་ཁྲིད་སྟོན་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཏན་ཏིག་ངང་ཆེ་རུ་གཏོང་དགོས།

གཞོན་ནུ་ལས་བྱེད་པས་འགྱུར་བ་མེད་པའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགྱུར་ལྡོག་མངོན་འགྱུར་ཡོང་བ་བྱེད་དགོས། གཞོན་ནུ་ལས་བྱེད་པས་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་བསམ་ཕྱོགས་རྒྱ་ཆེར་བཏང་ནསདཔའ་ངར་ཆེན་པོས་དུས་རབས་ཀྱི་མདུན་གྲལ་དུ་ལངས་ཏེགསར་གཏོད་ཀྱི་ནང་གནས་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་བ་བྱེད་དགོས། འདུ་ཤེས་གསར་སྒྱུར་བྱས་ཏེ་འདུ་ཤེས་གསར་པར་བརྟེན་ནས་བསམ་ཕྱོགས་གསར་པའི་འཆར་འགོད་བྱེད་དགོས་ལ། བྱེད་ཐབས་གསར་པར་བརྟེན་ནས་ཡར་ཐོན་ཡོང་བ་བྱས་ཏེ་རྣམ་པ་གསར་པ་གཏོད་དགོས། རྙི་ཞེན་བག་འཁུམ་གྱི་བསམ་བློ་དོར་ནས་གནད་དོན་ཐག་གཅོད་ཀྱི་གསལ་རྟོགས་ནུས་པ་དང་དབྱེ་ཞིབ་ནུས་པ། ལག་བསྟར་ནུས་པ་བཅས་སྔར་ལས་ཇེ་མཐོར་བཏང་སྟེ་དཀའ་གནད་སྣ་ཚོགས་ནུས་ལྡན་ངང་སེལ་བ། སློབ་སྦྱོང་བྱེད་པར་ཤུགས་སྣོན་རྒྱག་པདངོས་སུ་འཕྲད་པའི་གནད་དོན་ལ་གཞིགས་ནས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་བསམས་གཞིག་བྱས་ཏེརང་འགུལ་ངང་རིག་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། 

གཞོན་ནུ་ལས་བྱེད་པས་འགྱུར་བ་མེད་པའི་དངོས་སྒྲུབ་སྙིང་སྟོབས་ལ་བརྟེན་ནས་འགྱུར་བ་ཡོང་བ་བྱེད་དགོས། བྱ་བ་ཆེ་ཆུང་གང་ཡིན་རུང་ཚང་མ་ཏན་ཏིག་དང་ཆུང་ཙག་ས་སྒྲུབ་པ་ཞིག་ཡིན། ལས་འགན་བྲེལ་བ་ཚ་པོ་དང་། དཀའ་ཚེགས་ལྡན་པ། ཉེན་ཁ་ཆེ་བ། ལས་འགན་ལྗིད་པོ་བཅས་གང་ཡིན་རུང་དེ་དག་གི་མདུན་དུ་བློ་ཁོག་ཆེན་པོས་ཁ་གཏོདདགོས་པ་དང་། ཐོག་མའི་བསམ་འདུན་དེ་ལས་འགན་དང་བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་པ། ལས་གནས་ཐོག་ལག་ལེན་བསྟར་ཐུབ་པ་བཅས་བྱེད་དགོས། གཞོན་ནུའི་མི་རབས་ལ་ཕུགས་བསམ་དང་འགན་འཁྲི་ཡོད་ན་རྒྱལ་ཁབ་ལ་མདུན་ལམ་དང་རེ་བས་ཁེངས། གཞོན་ནུ་ལས་བྱེད་པས་གནོད་འཚེ་ཆེན་པོའི་མདུན་དུ་འགན་འཁྲི་ཕྲག་ཏུ་འཁུར་ཕོད་པ་དང་། དཀའ་ངལའཕྲད་སྐབས་འཛེམ་བག་མེད་པར་ཡར་ལངས་ཕོད་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་བའི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནསརླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ལང་ཚོའི་འགན་འཁྲི་ཕྲག་ཏུ་འཁུར་ཐུབ་པ་བྱེད་དགོས།བསྟན་འཛིན་སྒྲོལ་མ།


རྩོམ་སྒྲིག་པ།བསོད་སྒྲོན།


微信

抖音

邮箱

邮箱地址:xzwxbjb@sina.com