ངར་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་རྩ་མེད་བཟོ་དགོས།

发布时间:2022年10月10日 文章来源:

མིག་སྔར། ལྗོངས་ཡོངས་ཀྱི་རིམས་ནད་མཆེད་རྒྱུ་བཀག་འགོག་ནུས་ལྡན་ཐུབ་པ་དང་། སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ། གསར་དུ་གཏན་འཁེལ་བྱས་པའི་ནད་དཔེ་དང་ནད་རྟགས་མེད་པའི་ནད་པའི་གྲངས་འབོར་སྤྱིའི་ཆ་ནས་ཆག་པའི་རྣམ་པ་ཐོན་པ། ཉེན་ཁ་ཆེ་བའི་ས་ཁུལ་རིམ་བཞིན་ཉུང་དུ་འགྲོ་བ། ཉིན་གཅིག་ནང་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་མཁན་མང་དུ་འགྲོ་བཞིན་ཡོད་པ་བཅས་རེད། རྒྱལ་ཁ་ཐོབ་ལ་ཉེ་བས་དེ་ཙམ་གྱིས་འཕེལ་ཕྱོགས་ཆེན་པོ་བརྟན་པོ་ཡོང་བ་བྱེད་དགོས། སྤྱི་ཡོངས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གནས་བབ་ལ་བལྟས་ན། སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་ཞིག་ཡིན་པས། གལ་ཏེ་ལྷོད་གཡེང་གི་བསམ་བློ་དང་། རིམས་འགོག་དམག་འཁྲུག་ལ་ཞེན་པ་ལོག་པ། སྟེས་དབང་དང་ལྷོད་གཡེང་གི་བསམ་པ་བཅས་ལྡན་ཚེ་རྐང་རྗེས་ལག་བསུབས་ཡོང་སྲིད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་སུ། དུས་ཚོད་ལ་དེ་བས་དམ་འཛིན་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བསམ་བློའི་འགུལ་ཤུགས་བརྟན་དུ་གཏོང་དགོས་པ་ལས། བག་མེད་ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་གཏན་ནས་ཁྱེར་མི་རུང་ཞིང་། མུ་མཐུད་ནས་ངར་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཁྲོད་ཀྱི་ཚན་པ་སོ་སོ་དང་མི་རེ་རེའི་སྟོབས་ཤུགས་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་དམག་འཁྲུག་གི་ནུས་ཤུགས་རྒྱུན་འཁྱོངས་བྱས་ཏེ། ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དངའཐབ་འཛིང་ནུས་ཤུགས་ཇེ་ཆེར་བཏང་ནས་ལྷུ་ཚིགས་རེ་རེ་དམ་འཛིན་དང་ལས་གནས་རེ་རེར་བརྟན་སྲུང་བྱེད་དགོས།

རིམ་པ་ཁག་དང་ཚན་པ་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚད་གཞི་དམའ་རུ་མི་འགྲོ་བ་བྱས་ནས་འཕྲོད་བསྟེན་བདེ་ཐང་གི་ཤེས་བྱ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ། མང་ཚོགས་ཚོས་རིམས་ནད་ལ་ལྟ་སྟངས་ཡང་དག་འཛིན་རྒྱུར་ཁྲིད་སྟོན་བྱེད་པ། འདུ་འཛོམས་སོགས་ཀྱི་བྱེད་སྒོ་ཉུང་དུ་གཏོང་བའམ་ཡང་ན་མེད་པ་བཟོ་བ་བཅས་བྱས་ཏེ། ཕྱི་ནས་འགོས་པ་དང་ནང་ནས་ཁྱབ་འགྱེད་འགྲོ་རྒྱུ་གཏན་འགོག་བྱེད་དགོས་པ། ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་གཞུང་དོན་སྒྲུབ་ཡུལ། གཙོ་གནད་ལྟ་སྐུལ་ཚོད་འཛིན་བྱ་ཡུལ་གྱི་ལོགས་དབྱེ་ཁུལ། གད་སྙིགས་འཇོག་ཚིགས་སོགས་གཙོ་གནད་ས་ཁོངས་ཀྱི་དུག་སེལ་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས་པ། དེ་དང་ཆབས་ཅིག་རིམ་ཁག་རྩ་འཛུགས་ཚན་པས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་།ཤང་དང་གྲོང་རྡལ་གྱི་ཁྲོམ་གཞུང་དང་། གྲོང་ཚོསྡེ་ཁུལཏང་རྩ་འཛུགས་བཅས་ཀྱིས་ཁོངས་གཏོགས་ས་ཆའི་སྔོན་འགོག་དང་ཚོད་འཛིན་ལས་ཀའི་འགན་འཁྲི་ཏན་ཏིག་འཁུར་བ། མི་དམངས་མང་ཚོགས་ལ་བརྟེན་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དུད་ཁྱིམ་ཚང་མར་ཁྱབ་པ་དང་མི་ཚང་མས་དོན་འཁྱོལ་ཡོང་བ་བཅས་བྱ་དགོས།  རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་ནན་དུ་གཏོང་བ་དང་། རྒྱུན་གཏན་གྱི་ལྟ་སྐུལ་ཏན་ཏིག་དང་ཞིབ་ཕྲ་བྱེད་པ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། འཕྲོད་བསྟེན་བདེ་ཐང་དང་འགྲིམ་འགྲུལ། ཁྲོམ་རའི་ལྟ་སྐུལ། སྨན་རྫས་ལྟ་སྐུལ་སོགས་འགན་ནུས་ཚན་པས་འགན་འཁྲི་ཏན་ཏིག་སྒྲུབ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་དགོས།

རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དེ་བྱ་བ་ཆུང་ཚག་ཅིག་མིན་པས་ངེས་པར་དུནན་པོ་དང་ཞིབ་ཕྲགཙོ་བོར་འཛིན་དགོས། ཚན་རིག་དང་མཐུན་པའི་ངང་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ། གནས་བབ་ལ་ཚོད་དཔག་ནན་པོ་བྱེད་པ་དང་བྱེད་ཐབས་ཞིབ་ཕྲ་བཟོས་ནས་ཟ་ཁང་དང་ཚོང་ཁང་། ཐང་ཆེན། ཚོང་འདུས་སོགས་ཀྱི་གནས་ཡུལ་དུ་མི་སྣ་བཀོད་སྒྲིག་འོས་འཚམ་བྱེད་པ། ལས་བསྐྱར་ཚུགས་རྗེས་ཀྱི་འདུ་འཛོམས་བྱ་འགུལ་ལ་དམིགས་གཏད་རང་བཞིན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱད་དེ། མི་སྣ་འདུ་འཛོམས་ལ་སྔོན་འགོག་བྱེད་དགོས། དེ་དང་དུས་མཚུངས། མུ་མཐུད་ནས་གྲོང་ཚོསྡེ་ཁུལགྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་ཀྱི་འགོག་རྒོལ་ནུས་པ་འདོན་སྤེལ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་སྟོབས་ཤུགས་གཞི་རིམ་དུ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲ་ཞིང་བརྟན་པའི་བཙན་རྫོང་སྐྲུནདགོས།དོན་གྲུབ་ཚེ་རིང་།

རྩོམ་སྒྲིག་པ། ཀུན་བཟང་།

微信

抖音

邮箱

邮箱地址:xzwxbjb@sina.com