གོས་དཀར་ལྷ་རྗེར་གུས་འདུད་ཞུ།

发布时间:2022年08月28日 文章来源:区党委网信办

ལྷིང་འཇགས་ཀྱི་ལོ་ཟླ་ནི་གཞན་གྱིས་ང་ཚོའི་ཚབ་ཏུ་མདུན་སྐྱོད་བྱས་པ་ལས་བྱུང་བ་ཞིག་རེད། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། རང་ལྗོངས་ཀྱི་རྒྱ་ཆེའི་སྨན་དོན་མི་སྣས་ང་ཚོར་དགོས་མཁོ་ཆེ་ཤོས་ཀྱི་དུས་སུ་དཔའ་ངར་ཆེར་བསྐྱེད་དང་། སྔོན་ལ་གདོང་མཆོང་།  བསྟུད་མར་འཐབ་རྩོད། དེ་བཞིན་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དུས་ཚོད་དང་འགྲན་བསྡུར། ནད་དུག་དང་འགྲན་བསྡུར་བཅས་བྱས་ཏེ། ནད་དུག་འགོག་རྒོལ་གྱི་ལྕགས་རི་རིང་པོ་བསྐྲུན་ནས་ཚེ་སྲོག་ལ་བརྩི་འཇོག་དང་། སྲོག་སྐྱོབ་རྨས་སྐྱོར། ལེགས་སྐྱེས་འབུལ་འདོད་པ།  བརྩེ་སེམས་ཀྱི་ཕྱུག་པ་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་མངོན་པར་བྱས་ཡོད།

ལུས་ཐོག་ཏུ་ལྭ་བ་དཀར་པོ་གྱོན་པའི་ཁྱེད་ནི་འཇིག་རྟེན་ཐོག་ཆེས་མཛེས་ཤོས་ཀྱི་གོས་དཀར་ལྷ་རྗེ་ཞིག་ཡིན་ལ། ཆེས་རླབས་ཆེ་བའི་མི་ཕལ་པ་ཞིག་ཀྱང་ཡིན། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུ་ཞག་མེད་པའི་དམག་འཁྲུག་དེའི་ཁྲོད་གོས་དཀར་ཕོ་ཉའི་ལྡོག་སྐྱོད་ཀྱི་གཟུགས་བརྙན་རེ་རེ་ལས་བྱམས་སེམས་ཀྱིས་ཕྱུག་པའི་སྨན་པའི་རང་གཤིས་དེ་གསོན་ཉམས་དོད་པོས་མངོན་ཡོད། ཚེ་སྲོག་སྐྱོབ་པའི་བརྩེ་སེམས་ཆེན་པོ་དང་རང་དོར་གཞན་སྒྲུབ་ཀྱི་ལེགས་སྐྱེས་ལ་བརྟེན་ནས། ནད་གདོན་ལ་ཁ་གཏད་གཅོག་པའི“ཚེ་སྲོག་གི་འགོག་སྲུང་འཛིང་རགས”བསྐྲུན་ཏེ་རིམས་ནད་ཁྲོད་དངངས་སྐྲག་དང་འཇིགས་སྣང་གི་བསྡམས་པའི་མི་རྣམས་ལ་རེ་བ་སྦྱིན་ཡོད་ལ།རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་ཆོད་སེམས་བསྣན་ཡོད།

ངས་ཁྱེད་ཀྱི་མིང་མི་ཤེས། འོན་ཀྱང་ངས་གོས་དཀར་ལྷ་རྗེ་ཁྱེད་ཚོ་འགྲམ་ན་ཡོད་པ་ཤེས།  ཁྱེད་ཚོས་ང་ཚོའི་བདེ་ཐང་ལ་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག ང་ཚོའི་སེམས་འགུལ་དང་གུས་བཀུར། ཐུགས་ཁུར་དང་རྒྱབ་སྐྱོར་བཅས་དང་ལེན་གནང་རོགས། དམིགས་བསལ་གྱི་དུས་སྐབས་འདིར། ང་ཚོས་གུས་པར་འོས་ཤིང་གཅེས་པར་འོས་པའི་གོས་དཀར་ལྷ་རྗེ་རྣམས་ལ"ཐུགས་རྗེ་ཆེ"ཞེས་ཞུ་རྒྱུ་ཡིན།

མིག་སྔར། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དེ་འགག་རྩའི་དུས་སྐབས་སུ་གནས་ཡོད་པ་དང་རིམས་ནད་ཀྱི་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པས་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་ལྷོད་གཡེང་དུ་གཏོང་མི་རུང་།  ནད་པ་ཇེ་མང་ནས་ཇེ་མང་དྲག་སྐྱེས་བྱུང་རྗེས་སྨན་ཁང་ནས་དོན་པ་དང་བསྟུན་ང་ཚོར་དུ་ཞག་མེད་པའི་དམག་འཁྲུག་འདི་ལས་རྒྱལ་བའི་ཡིད་ཆེས་སྔར་ལས་ལྷག་པ་ཡོད་ཅིང་། ང་ཚོས"གོས་དཀར་ཕོ་ཉ"དང་མཉམ་དུ"ནད་དུག་གི་གདོན་འདྲེ"དང་སྲོག་བསྡོས་དམར་འཛིང་བྱས་ཏེ་དཔུང་པ་མཉམ་གཤིབ་དང་ལག་གདང་སྦྲེལ་ནས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་དུས་ངལ་མཉམ་སེལ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།སྤེན་སྒྲོན།

རྩོམ་སྒྲིག་པ། སྤེན་པ་བདེ་སྐྱིད།



微信

抖音

邮箱

邮箱地址:xzwxbjb@sina.com