ཤེས་དཔལ་ནི་གྲོང་ཁྱེར་ཞིག་གི་ནང་གནས་ཀྱི་ཉམས་འགྱུར་ཞིག་ཡིན་པས། གྲོང་ཁྱེར་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་གལ་ཆེན་ལྡན་ཡོད། ཤེས་དཔལ་གྲོང་ཁྱེར་ནི་གྲོང་མིའི་ཤེས་དཔལ་གྱི་གོམས་གཤིས་ནས་བྱུང་བ་ཞིག་ཡིན་པ་དང་། ཤེས་དཔལ་གྱི་གོམས་གཤིས་ནི་ཤེས་དཔལ་འདུ་ཤེས་ཀྱི་བྱ་སྤྱོད་མཚོན་ཚུལ་དང་བསྣུར་བསྲིངས་ཤིག་ཡིན། དོན་ཆུང་ཁྲོད་ནས་སྙིང་སྟོབས་དང་བྱང་ཚད་མངོན་ཐུབ། དུས་རྒྱུན་མི་གཞན་དང་སྤེལ་རེས་བྱེད་སྐབས་སམ་ཡང་ན་ལས་ཀ་དང་འཚོ་བའི་ཁྲོད་ཀྱི་བྱ་སྤྱོད་སོགས་གང་ཞིག་ཡིན་རུང་ཤེས་དཔལ་ཀྱི་གོམས་གཤིས་ཐད་དོ་སྣང་བྱ་རྒྱུ་གལ་འགངས་ཆེ། དཔེར་ན་ཁ་ལུད་དང་གད་སྙིགས་གང་བྱུང་དུ་མི་དབྱུག་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གཞུང་ལམ་འགྲོལ་བ། རླངས་འཁོར་གཏན་འཁེལ་གྱི་ས་གནས་ཐོག་འཇོག་པ། མི་གཞན་ལ་རོགས་རམ་བྱེད་པ། དང་བླངས་པ་ཞིག་ཏུ་འགྱུར་བ་བྱེད་པ་སོགས་ནས་འགོ་བཙུགས་ཏེ་རང་འགུལ་ངང་ཤེས་དཔལ་གྱི་གོམས་གཤིས་འཇགས་པ་དང་ཤེས་དཔལ་གྱི་གོམས་གཤིས་རྒྱུན་འཁྱོངས་བྱ་དགོས།
ཤེས་དཔལ་གྱི་གོམས་གཤིས་ནི་མཐར་གཏུགས་ནས་བརྗོད་ན་མི་ཞིག་གི་ཀུན་སྤྱོད་ཀྱི་ཕྱིའི་མཚོན་ཚུལ་ཞིག་ཡིན། ང་ཚོ་མི་རེ་རེའི་ངོས་ནས་བརྗོད་ན། སྤྱི་ཚོགས་ཀྱི་སྤྱོད་བཟང་དང་། ལས་རིགས་ཀྱི་སྤྱོད་བཟང་། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་སྤྱོད་བཟང་བཅས་ལག་ལེན་བསྟར་རྒྱུ་ནི་ཚེ་གང་རྒྱུན་འཁྱོངས་བྱ་དགོས་པ་ཞིག་ཡིན་པ་ལས། འདི་ནི་དུས་ཐུང་ནང་བསྒྲུབ་ཐུབ་པ་ཞིག་མ་ཡིན་ལ། བསྒྲུབས་ཟིན་རྗེས་དོར་ཆོག་པ་ཞིག་ནི་དེ་བས་མ་ཡིན། མི་ཚང་མས་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་། ལས་རིགས་ཀྱི་སྤྱོད་བཟང་། ཁྱིམ་ཚང་གི་སྤྱོད་བཟང་། སྒེར་གྱི་སྤྱོད་བཟང་བཅས་ལག་ལེན་བསྟར་ཏེ། རང་ཉིད་ཀྱི་མི་ཚེའི་ལམ་བུའི་ཐོག་དེ་བས་ལེགས་པའི་ཤེས་དཔལ་གྱི་གཞི་རྟེན་ཞིག་ཏུ་འགྱུར་བ་བྱས་ཚེ་རང་ཉིད་ལ་ཕན་པ་ཐོབ་པ་དང་འབྲེལ་ཤེས་དཔལ་གྱི་དྲང་ནུས་བརྒྱུད་སྤྲོད་བྱེད་པ་མ་ཟད། གཞན་གྱི་ཤེས་དཔལ་གྱི་དྲང་ནུས་བསྡུ་ལེན་ཐུབ་སྲིད་པས། གྲོང་ཁྱེར་གྱི་ཤེས་དཔལ་སྔར་བས་ལེགས་སུ་འགྲོ་ངེས་རེད།
ཤེས་དཔལ་གྱི་གོམས་གཤིས་རང་ཉིད་ནས་འགོ་འཛུགས་དགོས། ཤེས་དཔལ་འཛུགས་གཏོད་བྱེད་པར་ལག་གདང་སྦྲེལ་ནས་འབྱུང་འགྱུར་ལ་ཕྱོགས་པ་དང་། རང་ཉིད་ནས་འགོ་འཛུགས་པ། ད་ལྟ་ནས་འགོ་འཛུགས་པ། བྱ་བ་ཙག་ཙིག་ནས་འགོ་འཛུགས་པ་བཅས་བྱས་ཚེ། ཤེས་དཔལ་གྱི་རྣམ་པ་ཟབ་མོ་གཏོད་ཐུབ་ནས་ང་ཚོའི་གྲོང་ཁྱེར་འདི་ཉིད་སྔར་བས་མཛེས་སྡུག་ལྡན་པའི་ཤེས་དཔལ་གྱི་གྲོང་ཁྱེར་ཞིག་ཏུ་འགྱུར་ངེས་རེད། (སྤེན་པ་བདེ་སྐྱིད། ཟླ་བ་སྒྲོལ་མ།)
རྩོམ་སྒྲིག སྤེན་སྒྲོན།
中央部门网站
自治区部门网站
地(市)委部门网站
相关新闻网站