སེམས་ཁམས་བཟང་པོར་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྲུངས།

发布时间:2022年08月09日 文章来源:མི་དམངས་ཉིན་རེའི་ཚགས་པར།

   ཡར་ཀླུང་གཙང་པོའི་ངོགས་ཀྱི་སྔོ་ལྗང་གི་ལྗོན་ཤིང་དག་ནི་མིག་ལ་མཛེས་ཤོས་རེད། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་ཡར་ཀླུང་གཙང་པོའི་སྔོ་ལྗང་སྐྱེ་ཁམས་བར་ཁྱམས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས་ལ། ལང་ལོང་དུ་རྒྱུག་པའི་གཙང་པོའི་གཞོགས་གཉིས་ནི་དེ་སྔོན་མུ་མཐའ་མེད་པའི་བྱེ་འབུར་རེད། འོན་ཀྱང་མི་རབས་ནས་མི་རབས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ནས་སྔོ་ལྗང་གི་ལྕགས་རི་རིང་པོ་བརྟན་པོ་ཞིག་བསྐྲུན་ཡོད།

   དུས་ཚོད་ཀྱིས་འབད་འཐབ་ཀྱི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་བཞིན་ཡོད་ལ། འདུ་ཤེས་ཀྱིས་བྱ་སྤྱོད་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་ཀྱི་ཡོད། ཤིང་སྡོང་དང་རྩི་ཤིང་རྐང་རེ་རེ་བཞིན་བཏབ་པ་དང་ཡུག་དང་ཡུག་བྱས་ཏེ་འཚར་ལོངས་བྱུང་ཚེ། གཞི་ནས་རྒྱ་ཆེན་པོར་འགྱུར་ཐུབ། ས་གནས་དེ་གའི་མང་ཚོགས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་འཚོལ་ཞིབ་བྱས་པ་དང་མི་རབས་ནས་མི་རབས་བར་འབད་བརྩོན་ཆད་མེད་བྱས་ཏེ། དེ་ཁུལ་དང་འཕྲོད་པའི་རྩི་ཤིང་བཏབ་ནས་གླ་ཚེར་ཡུག་དང་ཡུག་གི་མུ་མཐའ་མེད་པའི་སྔོ་ལྗང་གི་རྣམ་པ་ཞིག་བཏོད་ཡོད། གྲུབ་འབྲས་དེ་དག་གིས་མི་རྣམས་ཀྱི“བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”བསམ་པའི་གོ་རྟོགས་དང“བྱས་རྗེས་འཇོག་པར་ང་ཡིས་འབད་པའི”ལོ་རྒྱུས་ཀྱི་འགན་འཁྲིར་བརྟེན་ནས་མི་གྲངས་མེད་ཀྱི་འབད་འཐབ་ཀྱི་ངར་སེམས་དང་སྟོབས་ཤུགས་གོང་བུར་བསྒྲིལ་ཏེ་བྱས་རྗེས་ངོ་མཚར་ཅན་ཡང་ཡང་འཇོག་ཐུབ་པའི་བློ་སྒོ་ཕྱེ་ཡོད།

  བྱས་རྗེས་ཆེ་ཆུང་གང་གིས་ཀྱང་། བསྐལ་བརྒྱར་ཕན་པ་འཐོབ་པར་ངེས། བྱེ་བཅོས་མཁན་གྱི་སྙིང་རུས་གཏན་འཁྱོངས་དང་། ཤིང་འཛུགས་མཁན་གྱི་རྒྱུན་འཁྱོངས་ལྷོད་མེད། ཆུ་དཔོན་དང་མཚོ་དཔོན་གྱི་སྐད་གྲགས་མེད་པའི་བརྟན་སྲུང་སོགས་ཁོར་ཡུག་སྲུང་སྐྱོང་ཡིན་ནའང་འདྲ། ཡང་ན་སྐྱེ་ཁམས་ཉམས་གསོ་གང་ཞིག་ཡིན་རུང་། མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་ནི་བྱེད་ཐེངས་གཅིག་ལ་འགྲུབ་ཐུབ་པ་ཞིག་མིན་པར་རྒྱུན་འཁྱོངས་ལྷོད་མེད་དང་གོམ་པ་རེ་རེ་བཞིན་ལེ་དབར་སྟོང་སྐྱོད་པའི་སྙིང་སྟོབས་དགོས་ཀྱི་ཡོད། མིག་ལ་སྲུང་སྐྱོབ་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྟངས་འཛིན་དགོས་ན། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་བཟང་གང་མང་སྒྲུབ་པ་དང་རང་བྱུང་སྲུང་སྐྱོབ་དང་སྐྱེ་ཁམས་ཉམས་གསོ་སོགས་ཀྱི་དོན་དངོས་གང་མང་སྒྲུབ་དགོས་ཀྱི་ཡོད།

རྩོམ་སྒྲིག སྤེན་སྒྲོན།

微信

抖音

邮箱

邮箱地址:xzwxbjb@sina.com