2022ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་ང་ཚོའི་འཚོ་བའི་ཁྱིམ་གཞིས་སྔར་ལས་ལྷག་པའི་སྒོ་ནས་སྔོ་ལྗང་ཅན་དང་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས”ཞེས་བསྟན་ཡོད།
སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་ནི་མི་དམངས་ཀྱི་བེད་སྐྱིད་དང་མི་རིགས་ཀྱི་མ་འོངས་དང་འབྲེལ་བ་ཡོད། སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་འཚོ་གནས་བྱེད་པའི་ཆེས་རྨང་གཞིའི་ཆ་རྐྱེན་ཞིག་རེད། འཕེལ་རྒྱས་གསར་པའི་དུས་རིམ་ལ་གཞི་ཚུགས་པ་དང་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་ནི་ཡུན་རིང་གི་གླེང་གཞི་ཞིག་ཡིན་པས་ང་ཚོས་ངེས་པར་དུ“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་བཙུགས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་། ལྗང་མདོག་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཞིག་ཏུ་ཆགས་པ་བྱེད་དགོས།
ལྗང་མདོག་ནི་རང་བྱུང་ཁམས་ཀྱི་ཁ་མདོག་ཞིག་རེད་ལ། དེ་བས་མིའི་རིགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་མཚོན་མདངས་ཤིག་ཀྱང་རེད། བོད་ནི་མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་ཞིག་ཏེ“འཛམ་གླིང་གི་ཡང་རྩེ”དང་། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག” “འཛམ་གླིང་གི་གླིང་སྣེ་གསུམ་པ” “གོ་ལ་ཧྲིལ་པོའི་གནམ་གཤིས་སྙོམས་སྒྲིག་ཡོ་བྱད” རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བཅས་ཡིན་པས། ཉེ་བའི་ལོའི་རིང་། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་ཡིན”ཞེས་པ་ལྟར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ས་མཐོའི་རྩྭ་རྩི་ཤིང་དང་རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱས་ཏེ་རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་རྒྱུར་འབད་བརྩོན་ལྷོད་མེད་བྱེད་དགོས།
སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཞིག་རེད། “རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་ལྡན་པའི་ལྷ་ས་སྣེའུ་གྲོང་གསར་ཁུལ་སྟག་གདོང་གྲོང་ཚོ་ནི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་བརྟེན་ནས་ཞིང་ཞོར་ཐོན་རྫས་དག་ཡུལ་སྐོར་ཐོན་རྫས་དང་ཞིང་དུད་ཁྱིམ་ཚང་དེ་ཡུལ་སྐོར་ས་ཚིགས་སུ་གྱུར་ཅིང་། དུད་ཁྱིམ་ཡོངས་ལས་ཞུགས་འབབ་འཕར་མངོན་འགྱུར་ཐུབ་ཡོད་པས། དོན་དངོས་ཐོག་ནས་རི་སྔོན་ཆུ་དྭངས་དེ་གསེར་རི་དངུལ་རི་ལས་ལྷག་པའི་རིན་ཐང་ར་སྤྲོད་ཐུབ་ཡོད་ལ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་རྨང་གཞིའི་རང་བཞིན་དང་ཐབས་ཇུས་རང་བཞིན་གྱི་གནས་བབ་དེ་སྔར་ལས་ལྷག་པའི་སྒོ་ནས་ར་སྤྲོད་ཐུབ་ཡོད།
རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག དུས་རབས་གསར་པའི་བྱས་རྗེས་འཇོག་དགོས། ང་ཚོས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱས་ནས་རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། (མཛེས་ལྡན།)
རྩོམ་སྒྲིག་པ། ཀརྨ་མཐུ་སྟོབས།
中央部门网站
自治区部门网站
地(市)委部门网站
相关新闻网站