སྤྱོད་ཚུལ་ལེགས་གཏོང་བྱེད་པར་འགག་རྩ་ནི་དོན་འཁྱོལ་ལ་དམ་འཛིན་ ནན་པོ་བྱེད་དགོས།

发布时间:2022年08月02日 文章来源:区党委网信办藏语文评论中心

མིག་སྔར། བོད་ཀྱི་ས་ཕྱོགས་གང་སར་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་དང་སྤེལ་མུས་རེད།  སྤྱོད་ཚུལ་ལེགས་གཏོང་བྱེད་པར་འགག་རྩ་ནི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པ་ཞིག་རེད། ང་ཚོས“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ནས་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་བརྒྱབ་ནས་སྔར་ལས་ལྷག་པའི་འབད་འཐབ་ཀྱི་རྣམ་པས་དཀའ་སྤྱད་དོན་གཉེར་དང་དོན་འཁྱོལ་དམ་འཛིན་བྱས་ཏེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལའཆང་རྒྱུ་ནི་དོན་འཁྱོལ་་དམ་འཛིན་བྱེད་པའི་ཚད་གཞི་ཞིག་མངོན་ཐུབ། “རྒྱལ་ཁབ་ཀྱི་དོན་ཆེན”ནི་ཏང་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན་པས་ཕྱོགས་ཡོངས་དང་འབྲེལ་བ་ཡོད།རང་རེའི་ཏང་དབུ་བརྙེས་པའི་ཉིན་མོ་ནས་བཟུང་། མང་ཚོགས་ཀྱི་ཁེ་ཕན་ནི་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་མང་ཚོགས་ཀྱི་བདེ་སྐྱིད་ཆེད་འབད་འཐབ་བྱེད་བཞིན་ཡོད།  “མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ”དང་། “མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཡོང་རྒྱུ”ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་རེད།  “རྒྱལ་ཁབ་ཀྱི་དོན་ཆེན”ལ་ང་ཚོས་ངོས་འཛིན་གསལ་པོ་དང་སེམས་ལ་བརྟན་པོ་ངེས་དགོས་ལ། ལྷག་དོན་དུ་དུས་དང་རྣམ་པ་ཀུན་ཏུ་བྱ་སྤྱོད་ངོ་མའི་ཐོག་ནས་ལས་ཀའི་ཁྲོད་དོན་འཁྱོལ་བྱེད་ཐུབ་པ་དགོས། དོན་ངོ་མའི་བྱ་སྤྱོད་ལས“རྒྱལ་ཁབ་ཀྱི་དོན་ཆེན”མངོན་པ་དང་མི་དམངས་ཀྱི་བདེ་སྐྱིད་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པ་བརྟན་པོར་ངེས་ནས་གནད་དོན་ལ་བསམ་གཞིགས་དང་ཇུས་འདོན་པ། དོན་དག་དངོས་སྒྲུབ་པ་བཅས་མི་དམངས་ཀྱི་ཁེ་ཕན་ནས་འགོ་འཛུགས་པ་དང་མི་དམངས་ཀྱི་ཁེ་ཕན་དེ་ཨང་དང་པོར་བཞག་ནས་མང་ཚོགས་གང་བསམ་པ་དང་གང་འདོད་པ་དེ་བསྒྲུབ་ནས་རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་སྐོང་ཐུབ་པ་བྱེད་དགོས།

འཇོན་ཐང་ཆེ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཆུ་ཚད་གོང་མཐོར་གཏོང་དགོས། འཇོན་ཐང་ཤུགས་ཆེན་ལྡན་ན་གཞི་ནས་དུས་བབ་གསར་པ་དང་འགན་འཁྲི་གསར་པ། འགྲན་སློང་གསར་པ་བཅས་ལ་ཁ་གཏད་དེ་བས་ཡག་པ་གཅོག་ཐུབ། ཏང་ཡོན་ལས་བྱེད་པ་ཞིག་གི་ངོས་ནས་བརྗོད་ན། འཇོན་ཐང་ནི་ལྷན་སྐྱེས་ཞིག་མ་ཡིན་པར་ཕྱིས་སུ་སློབ་སྦྱོང་ལ་ཧུར་བརྩོན་དང་དོན་ངོ་མའི་སྦྱོང་བརྡར་ཁྲོད་ལས་བྱུང་བ་ཞིག་ཡིན། འཇོན་ཐང་ཆེན་པོ་ལྡན་དགོས་ན་སློབ་སྦྱོང་བྱེད་རྒྱུ་དེ་འགན་འཁྲི་ཞིག་དང་སྤྱོད་བཟང་ཞིག གོམས་གཤིས་ཞིག་བཅས་སུ་བརྩིས་ནས་ཉིན་ལྟར་དུས་ཚོད་ངེས་ཅན་ཞིག་བེད་སྤྱད་དེ་དུས་རབས་གསར་པའི་ཏང་གི་རིག་པའི་གཞུང་ལུགས་དང་སྤྱི་ཚོགས་བཅོས་སྐྱོང་། གྲོང་གསེབ་དར་སྤེལ། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། ཕྱི་ཕྱོགས་སྒོ་དབྱེ་སོགས་ཀྱི་ཤེས་བྱར་སློབ་སྦྱོང་བྱས་ནས་དོན་ངོ་མའི་བརྩོན་འགྲུས་ལ་བརྟེན་ནས་རྒྱུན་ཆད་མེད་པར་རང་འགན་རང་སྒྲུབ་ཀྱི་ཤེས་བྱའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལག་ལེན་དེ་འཇོན་ནུས་གོང་མཐོར་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས་དོན་དངོས་ཀྱི་ལས་ཀའི་ཁྲོད་དུ་སྦྱོང་བརྡར་དང་ཚོད་བགམ་ལ་དང་ལེན་ཐུབ་པ། བསམ་གཞིགས་བྱེད་པར་གཞོལ་བ། ཕྱོགས་བསྡོམས་བྱེད་རྒྱུར་བྱང་བ། རང་གི་ཞན་ཆ་གསབ་པ་བཅས་བྱས་ནས་རང་ཉིད་གང་བྱས་ལས་ལ་བྱང་ཆུབ་པ་དང་འགན་འཁྲི་འཁུར་ཐུབ་པའི་རྐང་འཛིན་མི་སྣ་ཞིག་ཆགས་པ་བྱེད་དགོས། 

མདོར་ན། ང་ཚོས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི་འཁུར་ཕོད་པ་ནི་གུང་ཁྲན་ཏང་མིའི་འགན་འཁྲི་ཞིག་དང་མི་དམངས་མང་ཚོགས་ཀྱི་རེ་བ་ཞིག”ཡིན་པ་ཡིད་ལ་བརྟན་པོར་བཅངས་ཏེ། སེམས་ནང“ལས་ཀ་བྱེད་འདོད་པའི”ཆོད་སེམས་བརྟན་པོ་འཛུགས་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་། འཐབ་རྩོད་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་ནས་ཞུམ་མེད་ཀྱི་བློ་སྟོབས་ལ་བརྟེན་ནས“སྒྲུབ་ཕོད་པའི”བློ་སྟོབས་མངོན་དགོས་པ། ལས་དོན་དངོས་སྒྲུབ་པར་སྔོན་ལ་འཇོག་པ་དང་། གྲུབ་འབྲས་ཨང་དང་པོར་འཇོག་པ། མང་ཚོགས་བློ་ཡིད་ཚིམ་པ་ཡོང་བ་བཅས་མཐའ་འཁྱོངས་བྱས་ཏེ་ལས་ཀའི་གྲུབ་འབྲས་དངོས་ཀྱི་ཐོག་ནས“ལས་དོན་སྒྲུབ་པའི”གྲུབ་འབྲས་མཚོན་པར་བྱེད་དགོས།  (ལྷག་པ་བུ་ཁྲིད)

རྩོམ་སྒྲིག་པ།    ཀརྨ་མཐུ་སྟོབས།

微信

抖音

邮箱

邮箱地址:xzwxbjb@sina.com